ཉེ་དུས། གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ ༢༠༡༦ ལོར་རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ཚོ ༢༣༡༥.༩༤ ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༤.༨ འཕར་ཞིང་། དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་ཁྲི་ཚོ ༢༢༨༣.༧༥ སྣེ་ལེན་བྱས་པ་དེ་དུང་མཚུངས་པ་ལས་བརྒྱ་ཆ ༡༤.༩ འཕར་བ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁྲི་ཚོ ༣༢.༡༩ ལ་སྣེན་ལེན་བྱས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༠ འཕར་ཡོད། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༣༣༠.༧༥ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༧.༣ འཕར་བས་ལོ་ལྔ་ཚན་བཅུ་གསུམ་གྱི་འགོ་ཡག་པོ་ཞིག་བཙུགས་ཐུབ་པ་བྱུང་ཡོད།
ད་ལྟའི་ཆར་ལྗོངས་ཡོངས་སུ་སྐར་མ་རིམ་པའི་མགྲོན་ཁང་ ༢༤༦ དང་སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་ ༤༤༨ བཟའ་བཏུང་ཞབས་ཞུའི་ཁེ་ལས ༢༡༢ ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས ༡༩ Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ ༡༡༧ ཡུལ་སྐོར་སྣེ་ལེན་ཁང་ ༢༤༤ བཅས་ཡོད་པས་སླར་ཡང་ཡུལ་སྐོར་དཔལ་འབྱོར་གྱི་ཟིན་ཐོ་གསར་པ་གཏོད་ཡོད།།