དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-12

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། 2016ལོར་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315.94ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་14.8%འཕར་ཞིང་། དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2283.75ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་14.9%འཕར་བ་དང་། རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་32.19ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་10%འཕར་བ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་330.75ཟིན་པ་དེ་དུས་མཚུངས་ལས་17.3%འཕར་བ་བཅས་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་བཙུགས་ཐུབ་ཡོད་པ་རེད།

    2016ལོར་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཡུལ་སྐོར་རིམ་སྤོར་ཅན་གྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་ཡུལ་སྐོར་རིམ་སྤོར་ཅན་བཏོད་པ། ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་། ས་ཁོངས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བ་བྱེད་པ། མཛེས་ལྗོངས་ཁུལ་རྩེ་གྲ་ཅན་དུ་འགྱུར་བ་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བས་ཡུལ་སྐོར་ལས་རིགས་མུ་མཐུད་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    མིག་སྔའི་བར། ལྗོངས་ཡོངས་སུ་སྐར་མ་རིམ་པའི་གསོལ་མགྲོན་ཁང(མགྲོན་ཁང)246དང་། སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་448 བཟའ་བཏུང་ཞབས་ཞུའི་ཁེ་ལས་212 ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་19 Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་117 ཡུལ་སྐོར་སྣེ་ལེན་ཁང་244བཅས་ཡོད་པས་ཡུལ་སྐོར་དཔལ་འབྱོར་གྱིས་སླར་ཡང་ཟིན་ཐོ་གསར་པ་གཏོད་པ་དང་ཐོན་ལས་གཞི་ཁྱོན་རིམ་གྱིས་སྟོབས་ཆེར་སོང་ནས་སྣེ་ལེན་ཞུ་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། ཡུལ་སྐོར་ལས་རིགས་ཀྱི་རིགས་ཁག་གི་དམིགས་ཚད་ལས་ཚད་བརྒལ་གསར་པ་བྱུང་ཡོད་པ་རེད།

    རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཀྲུའུ་རེན་གཞོན་པ་སྐར་མ་ཚེ་བརྟན་གྱིས། 2017ལོར་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2500ཡན་ལ་སྣེ་ལེན་ཞུ་ཐུབ་པ་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་370ཡན་ཟིན་ཐུབ་པ་བྱ་རྒྱུ་དང་། ཡུལ་སྐོར་དཔལ་འབྱོར་ལས་མི་ཁྲི་38ལས་ཞུགས་ཐུབ་པ་བྱ་རྒྱུ། A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་2དང་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་10ཡན་སྐྲུན་རྒྱུ་བཅས་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།