དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ལོ་གསར་རིང་ལྷ་སའི་ཡུལ་སྐོར་ལས་རིགས་འཁོར་སྐྱོད་བརྟན་པོ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-08

    གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ལོ་གསར་རིང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་འཁོར་སྐྱོད་བདེ་འཇགས་ལྡན་ལ་བརྟན་པོ་ཡོད་ཅིང་། ཁྱོན་ཡུལ་སྐོར་བ་ཁྲི་30.25ལ་སྣེ་ལེན་ཞུས་ཡོད། དེའི་ནང་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་ཁྲི་10.04དང་ཉིན་གཅིག་ཡུལ་སྐོར་བྱེད་མཁན་ཁྲི་20.21ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.58བྱུང་ཡོད།

    དུས་ཆེན་རིང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ནས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་གང་བྱུང་དུ་དངུལ་བསྡུ་བ་དང་དངོས་ཟོག་ཉོ་རུ་བཅུག་པ་སོགས་ཀྱི་ཞུ་སྦྱོར་བྱེད་མཁན་གཅིག་ཀྱང་བྱུང་མེད། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་བོད་ཀྱི་ལོ་གསར་རིང་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རར་ཚུལ་མཐུན་ཅན་དང་། སྣེ་མང་ཅན། རང་གཤིས་ཅན་བཅས་ཀྱི་ཁྱད་ཆོས་མངོན་ནས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་རིག་གནས་རང་བཞིན་དང་མི་རིགས་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། དེ་དང་དུས་མཚུངས་དུས་ཆེན་རིང་འཛད་སྤྱོད་པའི་དགོས་མཁོ་ཧ་ཅང་ཆེ་བས་ཡུལ་སྐོར་དཔལ་འབྱོར་འཕར་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བཤད་པ་རེད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་སྤུས་ཚད་ལྟ་སྐུལ་སུའོ་ཡི་ཆུང་སྐྱིད་ཀྱིས་བོད་ཀྱི་ལོ་གསར་བཏང་རྗེས་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་བྱེད་མང་བའི་དུས་ཚོད་རིམ་བཞིན་སླེབས་རྒྱུ་ཡིན་པས། ཡུལ་སྐོར་བས་ཡུལ་སྐོར་ཚོགས་པར་ཞུགས་ནས་ཡུལ་སྐོར་དུ་འགྲོ་སྐབས་གན་རྒྱ་དང་སྤ་སེ་ཉར་ཚགས་བྱེད་པ་ལས་རིན་གོང་དམའ་བའི་ཡུལ་སྐོར་སོགས་ཀྱི་ཆ་འཕྲིན་རྫུས་མར་ཡིད་ཆེས་བྱ་རྒྱུ་མེད། གལ་སྲིད་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་དུས་ཐོག་ཏུ་ཡུལ་སྐོར་ཅུས་ལ་ཞུ་གཏུག་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།