དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་སར་ཡུལ་སྐོར་ཚོང་ཁང་མགྱོགས་མྱུར་མང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-03

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་ལྷ་སར་ཡུལ་སྐོར་ཚོང་ཁང་2600ལྷག་ཙམ་ཡོད་པ་དང་ཡུལ་སྐོར་བས་ཡུལ་སྐོར་ཚོང་ཟོག་སྣ་ཚོགས་འདེམས་ཉོ་བྱེད་ཆོག་གི་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཁྲོམ་ར་ཁོའོ་ཡི་ལས་དོན་མི་སྣ་ཆུང་བདག་གིས་ཉེ་བའི་ལོ་ཤས་རིང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་སྦྲགས་ཡུལ་སྐོར་བས་ཡུལ་སྐོར་གྱི་སྤུས་ཚད་ཐད་རེ་བ་འདོན་ཚད་ཆེ་རུ་ཕྱིན་པ་དང་གནའ་ཤུལ་གྲགས་ཅན་དང་མཛེས་ལྗོངས་ལ་ལྟ་བ་ཕུད། ད་དུང་ཡུལ་སྐོར་གྱི་དྲན་རྟེན་དངོས་རྫས་དང་དེ་བཞིན་ས་གནས་འདི་གའི་ཁྱད་ལྡན་བཟའ་རིགས་སོགས་ཉོ་ཡི་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁེ་ལས་ཁག་གིས་ཁྱད་ཆོས་མངོན་གསལ་དོད་པའི་ཡུལ་སྐོར་ཚོང་ཟོག་ཧུར་ཐག་བཏོན་པ་མ་ཟད། ཡུལ་སྐོར་བའི་འཛད་སྤྱོད་ཀྱི་དགོས་མཁོ་ཧུར་ཐག་བསྐངས་ནས་ཡུལ་སྐོར་གྱི་རང་གཤིས་ཅན་དང་ས་ཁོངས་ཅན་གྱི་གྲོང་ཁྱེར་གྱི་ཉམས་འགྱུར་གངས་ལེགས་མངོན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།