དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཡུལ་སྐོར་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་ཐོག་སྟོན་ཐེངས་དུང་ཕྱུར་41ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-02-04

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར“ཡུལ་སྐོར་སྟོབས་ཆེན་དང་། ཐོན་ལས་སྟོབས་ཆེན། འཕེལ་རྒྱས་སྟོབས་ཆེན”དང“ཁྱད་ལྡན་དང་། སྤུས་རྟགས། རྩེར་སོན”བཅས་ཀྱི་བླང་བྱར་གཞིགས་ནས་རང་ལྗོངས་ཀྱིས“མི་ཡུལ་གྱི་གནས་མཆོག·མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་ཧུར་ཐག་བཏོད་ཡོད། བསྡོམས་རྩིས་ལ་གཞིགས་ན། ན་ནིང་ཟླ་7པ་ནས་ཟླ་12བར་ལ“བོད་ཀྱི་ཡུལ་སྐོར”ཞེས་པ་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་ཐོག་སྟོན་ཐེངས་དུང་ཕྱུར་41ཟིན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་རང་ལྗོངས་ཀྱིས་ཡིའུ་ཁའུ་དང་། ཨའེ་ཆི་དབྱི། ཐུའུ་ཏོའུ་དྲ་བ་སོགས་བརྙན་ལམ་དྲ་ཚུགས་ཐོག“བོད་ཀྱི་ཡུལ་སྐོར”གྱི་གཞུང་ཕྱོགས་འགྲེམས་སྟོན་ལས་སྟེགས་བཏོད་པས་སྔོན་མངགས་བྱེད་མཁན་ཧྥེན་སི་མི་ཁྲི་10.8ཟིན་ཡོད་པ་དང་། དུས་མཚུངས“མི་ཡུལ་གྱི་གནས་མཆོག·མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་བརྗོད་བྱ་གཙོ་བོར་བྱས་པའི་བོད་ཀྱི་ཡུལ་སྐོར་གྱི་གཟུགས་བརྙན་དྲིལ་བསྒྲགས་པར་གཞི་ཧྲང་ཧའེ་ས་གནས་ཀྱི་བརྙན་འཕྲིན་སྨྱན་སྦྱོར་ཐོག་སྟོན་རིང་ཤར་ཕྱོགས་སྲུང་སྐར་བརྙན་འཕྲིན་གྱིས་སྣེ་ཁྲིད་པ་དང་། ཧྲང་ཧའེ་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་དང་ཧྲང་ཧའེ་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ་འཕྲིན་ལམ་དང་པོ་སོགས་བརྙན་འཕྲིན་འཕྲིན་ལམ་བཅུ་ལྷག་ཙམ་ཐོག་བོད་ཀྱི་ཡུལ་སྐོར་བརྙན་འཕྲིན་ཚོང་གཉེར་མཚམས་སྦྱོར་བརྒྱུད་སྤེལ་གྱི་དཔུང་ཁག་ཅིག་གྲུབ་ནས་ཧྲང་ཧའེ་རླུང་འཕྲིན་དང་བརྙན་འཕྲིན་དྲ་སྦྲེལ་གྱི་ལས་སྟེགས་བརྒྱུད་དེ་ཁྱབ་གདལ་རང་བཞིན་གྱི་བརྒྱུད་སྤེལ་བྱས་ཡོད། བོད་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་དེ་ཧྲང་ཧའེ་དང་དེ་བཞིན་ཁྱབ་གདལ་གཏོང་ཁུལ་དུ་སྐད་གྲགས་ཆོད་ཚད་དང་དེའི་མཚན་སྙན་གྲགས་ཧ་ཅང་ཆེ་རུ་ཕྱིན་ནས་བོད་ཀྱི་ཡུལ་སྐོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་དྲིལ་བསྒྲགས་ཀྱི་སྒུལ་ཤུགས་སྦྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།