དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རྫ་ཡུལ་རྫོང་ཚ་བ་རོང་ཤང་དུ་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ལས་དོན་རུ་ཁག་གིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-25

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི“མུ་པའི་ཡུལ་སྐོར་ས་ཚུགས”ལས་གྲྭ་དངོས་སུ་དོན་འཁྱོལ་བྱུང་བ་ལས། རྫ་ཡུལ་རྫོང་ཚ་བ་རོང་ཤང་མུ་པ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱི་ལས་དོན་རུ་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བཟའ་བཏུང་དང་མགྲོན་ཁང་གཞི་གཅིག་ཏུ་བསྡུས་པའི་རྣམ་གྲངས་གྲབས་སྐྲུན་ལ་ལོ་གཉིས་འགོར་བ་དང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་231.92བཏང་བ་རེད། ཚོད་རྩིས་བརྒྱབ་པར་གཞིགས་ན། ས་ཚུགས་བེད་སྤྱོད་གཏོང་འགོ་ཚུགས་རྗེས་ལོ་གཅིག་ལ་ཞིང་དུད་13 ལ་ཡོང་འབབ་སྒོར་ཁྲི་20གཏོད་ཐུབ་པ་དང་ལོ་རེར་ཆ་སྙོམས་དུད་ཚང་རེའི་ཞིང་པར་ཡོང་འབབ་སྒོར་ཁྲི་1.5གཏོད་ཐུབ། དེ་དང་དུས་མཚུངས། གྲོང་ཚོ་དེའི་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་དང་ས་གནས་དེའི་ངལ་ནུས་ལས་ཞུགས་ལ་སྐུལ་ཁྲིད་ཀྱི་ནུས་པ་དང་ཁྱབ་འགྱེད་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཐུབ། མུ་པའི་ཡུལ་སྐོར་ས་ཚུགས་གྲབས་སྐྲུན་བྱེད་པ་ནི་ཉིང་ཁྲི་རྒྱལ་ཁྲལ་ཁོངས་གཏོགས་ཀྱིས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཚོད་ལྟ་བྱས་པ་ཞིག་ཡིན་ཞིང་། བྱ་ཐབས་དེས་དེ་སྔའི་མ་དངུལ་དང་དངོས་ཟོག་རོགས་སྐྱོར་ཁོ་ནར་བརྟེན་པའི་དབུལ་སྐྱོར་བྱེད་སྟངས་ལས་བསྒྲལ་ནས་གྲོང་ཚོ་དབུལ་པོའི་རང་རྟེན་ནུས་པར་ཤུགས་སྣོན་བརྒྱབ་པ་དང་དཔལ་འབྱོར་འཕར་གཞི་བཙལ་བ་རེད།

    དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བ་ནས་བཟུང་། ཉིང་ཁྲི་རྒྱལ་ཁྲལ་ཁོངས་གཏོགས་ཀྱིས་ལས་ཀའི་ནང་དོན་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་དང་ལས་ཀའི་གཙོ་གནད་ཁོང་དུ་ཏན་ཏིག་ཆུད་དེ། གྲོང་ཚོ་དབུལ་པོར་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱེད་རོགས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ལས་ཀའི་ཚད་གཞི་མཐོ་ཤོས་སུ་འཛིན་གྱི་ཡོད། མིག་སྔའི་བར། མུ་པ་དང་མུ་ནུབ་གྲོང་ཚོར་དབུལ་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་325.74བཏང་ནས་གཞུང་ལམ་འཛུགས་སྐྲུན་དང་། འགྲོ་ལམ་ཨར་འདམ་ལམ་དུ་སྒྱུར་བ། སྐྱེ་དངོས་ཀྱི་རྒྱུད་པ་ལེགས་གཏོང་དང་ཚོད་ལྟའི་རྟེན་གཞི་འཛུགས་སྐྲུན་སོགས་གྲོང་མིར་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཐག་གཅོད་བྱས་ནས། གྲོང་མིར་དབུལ་སྒྲོལ་གྱི་འགག་གནད་སྒྲོལ་རོགས་བྱས་པ་དང་གྲོང་མི་ཕྱུག་པོའི་ལམ་དུ་དྲངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།