དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ནག་ཆུ་ས་ཁུལ་གྱི་ཡུལ་སྐོར་རྣམ་གྲངས་ཞིབ་འཇུག་གི་ཆེད་དོན་ཚོཌ་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-25

    ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གཞུང་གིས་ནག་ཆུ་ས་ཁུལ་གྱི་ཡུལ་སྐོར་རྣམ་གྲངས་ལ་ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས་བླང་བྱ་བཏོན་དོན། ནག་ཆུ་ས་ཁུལ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་གནང་ནས་རྣམ་གྲངས་རྩེ་གྲ་སྐྲུན་པ་དང་ཐོན་པའི་རྩ་དོན་ལྟར་ཇུས་འགོད་ནན་ཏན་བྱས་ནས་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གཅིག་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱེད་དགོས། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་རིགས་གཅིག་མཁས་ཅན་གདན་དྲངས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ལྟ་བ་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་ཀྱི་ཆོག་འཐུས་རང་བཞིན་ལ་ཞིབ་འཇུག་གིས་ར་སྤྲོད་བྱེད་དགོས་པ་མ་ཟད། ད་དུང་གསར་སྤེལ་ལུགས་མཐུན་དང་རྒྱུན་མཐུད་ཆོག་པའི་བེད་སྤྱོད་སྐོར་གྱི་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་ཕྱོགས་བསྡོམས་བྱས་ཐོག་ནག་ཆུའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། བཀོལ་སྤྱོད་ཆོག་འཐུས་རང་བཞིན་ལྡན་པའི་བསམ་འཆར་བཏོན་ཏེ་རྣམ་གྲངས་འཆར་འགོད་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། གཉིས་ནས་རྣམ་གྲངས་བསྐྲུན་ཡུལ་གནད་ལ་འཁེལ་པོས་འདེམས་དགོས། ནག་ཆུ་ས་ཁུལ་གྱིས་རྣམ་གྲངས་འཛུགས་སྐྲུན་དང་དབུལ་སྐྱོར་གནས་སྤོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་གཙིགས་སུ་བཟུང་ནས་ཡུལ་སྐོར་གྱི་འགྱེད་འཕྲོའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས། འགྲིམ་འགྲུལ་སྟབས་བདེ་ལ་ཡུལ་སྐོར་བྱ་ཡུལ་སྣ་ཚོགས་ཡོད་པའི་ས་ཁོངས་བདམས་ནས་སྤྱི་འདོམས་ཇུས་འགོད་དང་། བཀོད་སྒྲིག་ལུགས་མཐུན། རྣམ་གྲངས་བསྐྲུན་ཡུལ་གནད་ལ་འཁེལ་པོས་འདེམས་པ་བཅས་བྱེད་དགོས། ལས་དོན་ཇུས་གཞི་ཞིབ་ཕྲ་བཟོས་ནས་འཆར་གཞི་ཆེ་མོ་འགོད་དགོས་ལ་ལས་འགོའང་རགས་ཙམ་འཛུགས་དགོས། གསུམ་ནས་མཉམ་ཤུགས་ཆགས་པར་བྱས་ནས་སྐུལ་འདེད་གཏོང་དགོས། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྡེ་ཚན་སོ་སོའི་ཐོན་ཁུངས་དང་ཟུང་འབྲེལ་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རྣམ་གྲངས་ཁག་སྤུས་ལེགས་དང་། རྩེ་གྲ ཡག་ཤོས་བཅས་ཀྱི་སྣོད་བཅུད་ཡུལ་སྐོར་ལས་གྲྭ་བཏོད་དེ་ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།