དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མིན་ཐའེ་ལས་འཕྲོའི་རྟེན་རྫས་བཤམས་མཛོད་ཁང་དུ་སེམས་ཀྱི་ཉི་ཟླའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་འགྲེམས་སྟོན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2017-01-11

    མི་དམངས་དྲ་བའི་འཕྲིན། ལོ་གསར་པ་ཤར་མ་ཐག་ཀྲུང་གོ་མིན་ཐའེ་ལས་འཕྲོའི་རྟེན་རྫས་བཤམས་མཛོད་ཁང་དང་ཡུན་ནན་བདེ་ཆེན་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་གིས་མཉམ་དུ་གཉེར་བའི“ཁམས་ཁུལ་མཛེས་ལྗོངས་གཅིག་སྡུད་མུ་ཏིག་ཕྲེང་བ་ཀྲུང་གོ་སེམས་ཀྱི་ཉི་ཟླའི་བོད་རིགས་རྒྱན་གོས་རིག་གནས་འགྲེམས་སྟོན”ཀྲུང་གོ་མིན་ཐའེ་ལས་འཕྲོའི་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་ཤིང་། ཐེངས་འདིའི་འགྲེམས་སྟོན་ཐོག་བདེ་ཆེན་སེམས་ཀྱི་ཉི་ཟླའི་བོད་རིགས་རྒྱན་གོས་ཆ་ཚང་60ལྷག་སྟོན་ཡོད་པ་དང་། ཟླ་2ཚེས་28ཉིན་བར་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འགྲེམས་སྟོན་སྡེ་ཚན་ལྔ་རུ་དབྱེ་ཡོད་པ་དང་བདེ་ཆེན་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱིས་གཙོ་བོར་བྱས་ཏེ། བོད་རིགས་ཀྱི་ཞིང་ཁུལ་དང་། འབྲོག་ཁུལ། ས་མ་འབྲོག ཆོས་ལུགས་ཆོ་ག་བཅས་དང་དེ་བཞིན་དེང་རབས་བོད་རིགས་རྒྱན་གོས་སོགས་སྟོན་རྒྱུ་ཡིན་པ་མ་ཟད། བདེ་ཆེན་གྱི་རང་བྱུང་མཛེས་ལྗོངས་དང་མི་རིགས་ཉམས་འགྱུར་གྱི་པར་རྒྱག་བརྩམས་ཆོས་འགྲེམས་སྟོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་པར་རིས་ཟུང་འབྲེལ་གྱིས་བརྒྱུད་ལམ་སྣེ་མང་སྤྱད་དེ་བདེ་ཆེན་ས་ཁོངས་ཀྱི་ཐུན་མིན་མི་རིགས་ཁྱད་ལྡན་རིག་གནས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།