ཉེ་ཆར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས(གཤམ་དུ“བོད་རང་སྐྱོང་ལྗོངས་ཅུས”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཅུས་ཀྱིས་ཡུལ་སྐོར་བ་བསུ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་400ལས་ཐོག་མར་བརྒལ་བ་དང་། 2014ལོའི་ཟླ་12ཚེས་9ཉིན་ཡུལ་སྐོར་བ་བསུ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་300ལས་བརྒལ་རྗེས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་རེད།
1965ལོའི་ཟླ་3པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱིས་བོད་ལྗོངས་ལྷ་ས་འདམ་གཞུང་གནམ་ཐང་ནས་གནམ་གྲུ་འཕུར་སྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་སྟེ། གོ་ལ་ཧྲིལ་པོའི་མཁའ་འགྲུལ་ལས་རིགས་ཀྱིས་ཐུན་མོང་ཐོག་ངོས་འཛིན་བྱེད་པའི“མཁའ་དབྱིངས་ཀྱི་བཀག་སྡོམ་ཁུལ”ལས་བརྒལ་ཏེ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་བྱ་གཞག་རིམ་བཞིན་རྒྱུན་གཏན་གྱི་ལམ་བུར་བསྐྱོད་པ་མ་ཟད། ད་ཆ་མཚན་མོར་གནམ་གྲུ་གཏོང་བའི་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་མངོན་འགྱུར་བྱུང་ནས། ལོ་51བསྟུད་མར་བདེ་འཇགས་སྐྱེལ་འདྲེན་གཉེར་སྐྱོང་གི་ཟིན་ཐོ་གཏོད་ཡོད་པ་རེད།