དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ནག་ཆུའི་ཚོང་འདུས་ཐོག་གི་སྤུས་ལེགས་ལག་ཤེས་ཐོན་རྫས།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-12-23

    W020161221376110518333.jpg

    སྤྱི་ཚེས༢༠ཉིན་གསར་འགོད་པས་ནག་ཆུ་ས་ཁུལ་གྱི་སྐབས་བཅུ་པའི་ཕྱུགས་ཟོག་ཐོན་རྫས་ཚོང་འདུས་ནས་ཤེས་རྟོགས་བྱས་པར་གཞིགས་ནས། ད་ལོའི་ཚོང་འདུས་ཐོག་འབྲོག་པའི་ཁྱད་ལྡན་ཐོན་ལས་དཀར་ཆུ་འོ་མའི་ཐོན་རྫས་དང་།མི་རིགས་ཀྱི་ལག་ཤེས་ཐོན་རྫས།དབྱར་རྩྭ་དགུན་འབུ་སོགས་ཀྱི་ཐོན་རྫས་རིགས་མི་འདྲ་བ༣༠ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་དང་།ལྷག་པར་དུ་ཚོང་འདུས་ཐོག་བཏོན་པའི་མི་རིགས་ཀྱི་ལག་ཤེས་ཐོན་རྫས་དེ་ཚོར་ཞིང་འབྲོག་མང་ཚོགས་མང་པོས་དགའ་པོ་བྱེད་ཀྱི་ཡོད་པ་དང་བྲིན་ཁ་ཡང་རྒྱུགས་པོ་ཡོད།  

    ཉེ་བའི་ལོའི་ནང་།ཏང་དང་སྲིད་གཞུང་གིས་མི་རིགས་ལག་ཤེས་བཟོ་ལས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས།རང་ལྗོངས་ཀྱི་རྫོང་ཁག་མང་པོ་ཞིག་ཏུ་ལག་ཤེས་བཟོ་ལས་མཉམ་ལས་ཁང་བཙུགས་ཏེ་ས་གནས་དེ་གའི་མང་ཚོགས་རྣམས་ལ་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཐོག་མི་རིགས་ལག་ཤེས་བཟོ་ལས་དེ་ཡང་མི་ཉམས་གོང་འཕེལ་གཏོང་རྒྱུར་ཕན་འབྲས་ཐོན་ཡོད།།

    W020161221376110597292.jpg

    ཚོན་སྣ་འདྲ་མིན་བལ་གྱི་ཁ་དཀྲིས་མཛེས། གཡང་དཀར་མ་མོའི་བཀའ་དྲིན་ཡིད་ལ་ཚོར། 

    W020161221376110650159.jpg

    མཆོད་ཆས་འདྲ་མིན་སྣ་ཚོགས། ཁྱད་ལྡན་ལག་ཤེས་ཐོན་ཟོག 

    W020161221376110721984.jpg

    ལག་ཤེས་ཐོན་རྫས་སྤུས་དག་ལེགས། འབྲོག་པའི་དངུལ་ཁུག་ལྗིད་ཏིག་ཏིག

    W020161221376110791418.jpg

    སྔར་གྱི་འཚོ་བའི་མཁོ་ཆས། དེང་གི་རྒྱན་ཆ་མེ་ལྕགས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།