མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་གྱི་སྔ་དྲོ་སི་ཁྲོན་ཞིང་ཆེན་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཤིན་ཁམས་ཟམ་པ་ཆེས་ཆེ་བ་རྒྱག་པའི་ཨར་ལས་བྱ་ཡུལ་དུ་མི་མེད་གནམ་གྲུ་ཞིག་གིས་ཟམ་པ་རྒྱག་རྒྱུའི་སྔོན་ཁྲིད་ཐག་པ་འདྲུད་འཐེན་ལེགས་འགྲུབ་བྱས་ཏེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ལས་བརྒལ་བས། འདི་ཡིས་ཤིན་ཁམས་ཟམ་པ་ཆེས་ཆེ་བ་རྒྱག་པའི་ཨར་ལས་དེ་ཟམ་པའི་གྲུབ་ཆ་སྟོད་མ་སྒྲིག་སྦྱོར་བྱེད་པའི་ལས་རིམ་དངོས་སུ་སྒྲུབ་འགོ་ཚུགས་པ་མཚོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་གཡག་རྔ་གྲོང་ཁྱེར་གྱི་ཡུས་ཁྲེང་ཆུས་ཀྱི་ཚའོ་པཱ་གྲོང་རྡལ་ནས་འགོ་ཚུགས་ཏེ་ལེ་ཧྲན་ནས་གཡག་རྔ་བར་གྱི་མྱུར་བགྲོད་གཞུང་ལམ་དང་འབྲེལ་བ་དང་། ཁྲེང་ཏུའུ་ནས་གཡག་རྔ་བར་དང་གཡག་རྔ་ནས་ཞི་ཁྲང་བར་གྱི་འགྲིམ་འགྲུལ་ལྟེ་བར་ཤར་སྐྱོད་བྱས་ཤིང་། ཐེན་ཆོན་རྫོང་བརྒྱུད་པ་དང་ཨར་ལམ་རི་བོའི་ཕུག་ལམ་བརྒལ་བ་དང་། ལྩགས་ཟམ་རྫོང་དུ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་ནས་མཐའ་མཇུག་ཏུ་དཀར་མཛེས་ཁུལ་གྱི་དར་མདོ་གྲོང་ཁྱེར་གྱི་ཤར་རམར་སླེབས་ཀྱི་ཡོད། ལམ་ཐག་ཡོངས་ལ་ཧ་ལམ་སྤྱི་ལེ་135ཡོད་པ་དང་། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་82%ཡིན་ཞིང་། ལམ་ཐིག་ཡོངས་རྒྱ་མཚོའི་ངོས་ལས་མཐོ་དམན་གྱི་ཧེ་བག་སྨི་1900ཟིན་པ་རེད།