དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་གྱིས་རིགས་ཆེན་པོ་9ཡི་དགུན་དཔྱིད་གཉིས་ཀྱི་ཡུལ་སྐོར་རྣམ་གྲངས་ཁག་70བཏོན་པ།

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2016-12-13

    མི་དམངས་དྲ་བའི་འཕྲིན། འབྲི་ཆུའི་འགྲམ་དུ་བཀྲ་ཤིས་སྨོན་ཚིག་འབྲི། གངས་རི་ཁྲའེ་ཏན་གྱི་ཆུ་ཚན་མྱོང་རོལ་བྱེད། དགུན་དུས་རྨ་ཆུ་བརྒལ་བ་སོགས་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་གཉིས་ཀྱི་ཡུལ་སྐོར་དུས་ཚིགས་ཚེས་9ཉིན་དངོས་སུ་འགོ་ཚུགས་ནས་རིགས་ཆེན་པོ་9ཡི་དམངས་སྲོལ་རིག་གནས་དང་། ཁང་ཕྱིའི་ལུས་རྩལ། རང་བྱུང་ཁམས་མྱོང་རོལ་སོགས་གཙོ་བོར་བྱེད་པའི་ཁྱད་ལྡན་ཡུལ་སྐོར་བྱེད་སྒོ་ཁག་70བཏོན་པར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགུན་དཔྱིད་གཉིས་སུ་མཚོ་སྔོན་མྱོང་རོལ་བྱ་རྒྱུའི་ཡིད་དབང་བཀུག་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་བཏོན་པའི་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་ཡུལ་སྐོར་བྱེད་སྒོ་རིགས་ཆེན་པོ་9ཡི་ནང“མངོན་མིན་རིག་གནས་ཤུལ་བཞག”གི་ཆོས་ལུགས་རིག་གནས་ཡུལ་སྐོར་དང་། དམངས་སྲོལ་གོམས་གཤིས་མྱོང་རོལ་ཡུལ་སྐོར། ཁང་ཕྱིའི་ལུས་སྦྱོང་འགྲན་སློང་ཡུལ་སྐོར། མཛེས་ལྗོངས་པར་ལེན་ཡུལ་སྐོར། དགུན་དུས་ཀྱི་གངས་འཁྱག་ཡུལ་སྐོར། དཔྱིད་གསར་རབ་དགའི་དུས་ཆེན་ཡུལ་སྐོར་སོགས་ཚུད་ཡོད། ཡུལ་སྐོར་བྱེད་སྒོ་དེ་དག་གིས་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་གཉིས་སུ་ཡུལ་སྐོར་གྱི་ཐོན་རྫས་གསར་པ་དང་ལམ་ཐིག་གསར་པ་དང་དེ་བཞིན་དམངས་སྲོལ་དང་། ཆོས་ལུགས། ལུས་རྩལ། སྤྲོ་གསེང་སོགས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་པ་ཁྱོན་ཡོངས་མངོན་པར་བྱས་ཡོད། དེའི་ནང་ས་མཐོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་མཚོ་སྔོན་གྱིས་རྐང་ཐང་ཡུལ་སྐོར་དང་། སྒེར་འཁོར་གཏོང་བའི་ཡུལ་སྐོར། གངས་རི་འཛེགས་པ་སོགས་ཀྱི་ཡུལ་སྐོར་ཐོན་རྫས་གཙོ་གནད་ཐོག་སྐྱེད་སྲིང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།