དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་རང་ལྗོངས་ཀྱིས་ཡུལ་སྐོར་ཞབས་ཞུའི་ས་གནས་ཚད་གཞི་བཀྲམ་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-12

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར《བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཁང་གི་སྣེ་ལེན་ཞབས་ཞུའི་ཞིབ་སྲོལ》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྣེ་ཤན་ཞབས་ཞུའི་ཞིབ་སྲོལ》《བོད་རང་སྐྱོང་ལྗོངས་ཀྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་སྣེ་ལེན་ཞབས་ཞུའི་ཞིབ་སྲོལ》《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་ཞབས་ཞུའི་ཞིབ་སྲོལ》བཅས་དངོས་སུ་བཀྲམ་ནས་ལག་བསྟར་བྱས་པ་དེ་ཐོག་ནས། བོད་ཀྱི་ཡུལ་སྐོར་ཞབས་ཞུའི་ས་གནས་ཚད་གཞིའི་མ་ལག་རགས་ཙམ་ཆགས་པ་དང་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་བགྲོད་ལམ་ཐོག་སྐྱོད་འགོ་ཚུགས་པ་མཚོན་ཡོད།

    《བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཁང་གི་སྣེ་ལེན་ཞབས་ཞུའི་ཞིབ་སྲོལ》ལ་ཁྱོན་ལེའུ་བདུན་དང་དོན་ཚན་སུམ་ཅུ་ཡོད་པ་དེའི་ནང་ཞབས་ཞུའི་བླང་བྱ་དང་། ཚོང་གཉེར་འོས་སྦྱོར། སྣེ་ལེན་གྱི་དུས་འགོའི་གྲ་སྒྲིག སྤྲོ་གསེང་ལྟ་སྐོར་གྱི་ཞབས་ཞུ་ལག་བསྟར། ལྟ་སྐུལ་ཞིབ་བཤེར་སོགས་ཐད་གཏན་འབེབས་ཁ་གསལ་བཟོས་པ་དང་། ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་ལས་ཞུགས་མི་སྣ་དང་། ཚོང་གཉེར་བྱ་ཡུལ། ནང་ངོས་དོ་དམ་བཅས་ཐད་གཞི་རྩའི་བླང་བྱ་བཏོན་པ། ཡུལ་སྐོར་ཐོན་ཟོག་ལ་དགོས་ངེས་ཀྱི་རྒྱུ་རྐྱེན་དང་ཐོན་ཟོག་གི་ཆ་འཕྲིན་འོས་སྦྱོར་དང་ཡོངས་བསྒྲགས་བྱེད་པའི་ཆ་རྐྱེན་ཁ་གསལ་བཟོས་པ། ཡུལ་སྐོར་ལྟ་སྐོར་བྱེད་རིང་གི་ཡུལ་སྐོར་བ་དང་ཡུལ་སྐོར་ལས་དོན་ཁང་གི་འགན་དབང་དང་འོས་འགན་སྔར་བས་ཁ་གསལ་བཟོས་པ་བཅས་རེད།

    《བོད་རང་སྐྱོང་ལྗོངས་ཀྱི་སྣེ་ཤན་ཞབས་ཞུའི་ཞིབ་སྲོལ》ལ་ཁྱོན་ལེའུ་བདུན་དང་དོན་ཚན་སོ་བརྒྱད་ཡོད་པའི་ནང་སྣེ་ཤན་པའི་ལས་ཞུགས་བླང་བྱ་དང་། ཞབས་ཞུའི་བླང་བྱ། ས་མཚམས་སྒྲོལ་ནས་འགྲོ་འོང་བྱེད་པའི་སྣེ་ཤན་ཞབས་ཞུ། ཁེ་ལས་དོ་དམ། སྣེ་ཤན་པའི་འགན་འཁྲི། ལྟ་སྐུལ་ཞིབ་བཤེར་སོགས་ཐད་གཏན་འབེབས་ཁ་གསལ་བཟོས་པ་དང་། སྣེ་ཤན་པ་དང་སྣེ་ཤན་ལས་ཀ་དང་འཚམ་པའི་ཆ་རྐྱེན་དང་བླང་བྱ་ཁ་གསལ་བཏོན་པ། སྣེ་ཤན་པས་ཚོགས་པ་སྣེ་ལེན་དང་། ཡུལ་སྐོར་ལྟ་སྐོར། ཚོགས་པ་སྐྱེལ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཤེས་དགོས་པའི་ཆ་འཕྲིན་དང་ཞབས་ཞུའི་དོན་ཚན་དང་དེ་བཞིན་བཀག་འགོག་བྱ་སྤྱོད་སོགས་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ། ཡུལ་སྐོར་ལས་དོན་ཁང་དང་སྣེ་ཤན་ཀུང་སིས་སྣེ་ཤན་པའི་དོ་དམ་དང་གསོ་སྦྱོང་དང་དེ་བཞིན་འགྲོ་གྲོན་རྩིས་རྒྱག་སོགས་ལ་གཏན་འབེབས་བཟོས་པ་རེད།

    《བོད་རང་སྐྱོང་ལྗོངས་ཀྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་སྣེ་ལེན་ཞབས་ཞུའི་ཞིབ་སྲོལ》ལ་ཁྱོན་ལེའུ་བདུན་དང་དོན་ཚན་སོ་གཉིས་ཡོད་པའི་ནང་།  སྐར་མ་རིམ་པའི་གསོལ་མགྲོན་ཁང་འཆར་འགོད་དང་ཇུས་འགོད་དང་། གཉེར་སྐྱོང་སྤུས་ཚད། ནང་ངོས་དོ་དམ། དགོས་ངེས་ཞབས་ཞུ། ལྟ་སྐུལ་ཞིབ་བཤེར་སོགས་ཐད་གཏན་འབེབས་ཁ་གསལ་བཟོས་པ་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་མདུན་ངོས་ཚོམས་ཁང་དང་། ཚོམས་ཁང་། འགྲུལ་ཁང་། ཟ་ཁང་། ཁ་པར། རླངས་འཁོར་འཇོག་ས་སོགས་ཐད་ཞབས་ཞུའི་ལམ་སྲོལ་ཞིབ་ཚགས་སུ་བཏང་བ། སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་གཉེར་སྐྱོང་དང་བདེ་འཇགས་དོ་དམ་ཁྲོད་སྒྲིག་སྲོལ་ལམ་ལུགས་བཟོ་དགོས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་རིགས་དང་སྤྱོད་པའི་བྱེད་ཐབས་དང་དེ་བཞིན་གསོལ་མགྲོན་ཁང་གི་ལས་ཞུགས་མི་སྣའི་བྱང་ཚད་བཅས་ཐད་བླང་བྱ་ཁ་གསལ་བཟོས་པ་རེད།

    《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་ཞབས་ཞུའི་ཞིབ་སྲོལ》ལ་ཁྱོན་ལེའུ་བརྒྱད་དང་དོན་ཚན་གྱ་གཅིག་ཡོད་པའི་ནང་འགྲུལ་སྐྱེལ་ཁེ་ལས་དང་། འགྲུལ་སྐྱེལ་འཁོར་རིགས། ཞབས་ཞུའི་བླང་བྱ། བདེ་འཇགས་ཐོན་སྐྱེད། ལྟ་སྐུལ་ཞིབ་བཤེར་སོགས་ཐད་གཏན་འབེབས་གསལ་པོ་བཟོས་པ་རེད། ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་དང་བདེ་འཇགས་ཐོན་སྐྱེད་སོགས་ཐད་ངེས་པར་དུ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ལམ་ལུགས་དང་། བྱེད་ཐབས། འགན་འཁྲི་བཅས་ཁ་གསལ་བཟོས་པ་དང་། ཡུལ་སྐོར་འགྲུལ་སྐྱེལ་འཁོར་རིགས་ཀྱི་ལག་རྩལ་སྟོན་རྟགས་དང་། འཁོར་རིགས་ཀྱི་ཕྱིའི་རྣམ་པ། རླངས་འཁོར་ནང་གི་སྒྲིག་བཀོད། བདེ་འཇགས་སྒྲིག་བཀོད་སོགས་ཐད་བླང་བྱ་ནན་པོ་བཏོན་པ། ཡུལ་སྐོར་འགྲུལ་སྐྱེལ་ཁ་ལོ་བའི་ཐོབ་ཐང་ཆ་རྐྱེན་དང་། ལས་གནས་གསོ་སྦྱོང་། སྒྲིག་ཁྲིམས་དོ་དམ་སོགས་ཐད་གཏན་འབེབས་ཞིབ་ཕྲ་བྱས་པ་རེད།

    གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་ལས་དོན་ཁང་དང་། སྣེ་ཤན་པ། སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་འགྲུལ་སྐྱེལ་བཅས་ཀྱི་ཞབས་ཞུའི་སྤུས་ཚད་དེ་ལོ་འཁོར་ལ་གཞིགས་ནས་ཕྱོགས་བསྡུས་གདེང་འཇོག་བྱེད་པ་དང་གདེང་འཇོག་བྱས་འབྲས་དེ་གསེར་དངུལ་ཟངས་བཅས་རིམ་པ་གསུམ་ལ་དབྱེ་བ་དང་འབྲེལ་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་བྱེད་ཚུལ་དེ་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་ཁ་དན་ཚིག་གནས་མ་ལག་ནང་བཅུག་པ་དང་འབྲེལ་དུས་ཐོག་ཏུ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།