དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ཡུལ་སྐོར་དྲ་ཚིགས་ཀྱི་སྒྲིག་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་གནད་དོན་ཚབས་ཆེན་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-12-05

    བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས། བོད་ཀྱི་ཁྱབ་ཁོངས་ནང་ཡུལ་སྐོར་དྲ་ཚིགས་ཀྱི་སྒྲིག་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་གནད་དོན་ཚབས་ཆེན་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ལས་དོན་ཁྲུའི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་ལྷ་ས་དང་མངའ་རིས་སུ་བསྐྱོད་དེ་ཡུལ་སྐོར་དྲ་ཚིགས་11ལ་འཐེན་བཤེར་བྱས་པར། འཐེན་བཤེར་བྱེད་ཚད་3%ཟིན་ཡོད། དེ་རྗེས་ཞིབ་བཤེར་ཚོགས་ཆུང་ཉིང་ཁྲིར་བསྐྱོད་དེ་རིགས་ཁག་གི་ཡུལ་སྐོར་དྲ་ཚིགས་འཐེན་བཤེར་དང་བཅོས་སྒྲིག་བྱ་རྒྱུ་རེད།

    འགན་ཁུར་བ་དེས་མིག་སྔའི་བར་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་བོད་དུ་ཡུལ་སྐོར་དྲ་ཚིགས་ཁྱོན་338ཡོད་པ་གཙང་བཤེར་ཐུབ་པ་དང་། ཡུལ་སྐོར་ལས་དོན་ཁང་གི་དྲ་ཚིགས་དང་། ཡུལ་སྐོར་དཔོད་ཕྲན། ཡུལ་སྐོར་APPསོགས་ཡུལ་སྐོར་དྲ་ཚིགས་ཁག་གིས། མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་བཏོན་པའི་བླང་བྱ་གཞིར་བཟུང་། རང་བཤེར་དང་ཡོ་བསྲང་བྱས་པ་རེད། “ཡུལ་སྐོར་དྲ་ཚིགས་དེ་དག་ཁྲོད་ཡུལ་སྐོར་དྲ་ཚིགས་169ཡིས《ཡུལ་སྐོར་དྲ་ཚིགས་ཀྱི་ཁ་དན་ཚིག་གནས་ཀྱི་དམ་བཅའི་ཡི་གེ》བཞག་པ་དང་། དཔོད་ཕྲན་དང་། སྐད་འཕྲིན་གྱི་སྤྱི་རྟགས། APPབཅས་50དྲ་ཚིགས་དེའི་ཁོངས་གཏོགས་ཀྱི་ཁ་དན་ཚིག་གནས་འཛུགས་སྐྱོང་ཁྱབ་ཁོངས་ནང་བཅུག་པར། རང་བཤེར་བྱས་པ་དང་འབྲེལ་དམ་བཅའ་འཇོག་ཚད་64.8%ཟིན་ཡོད”ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་དྲ་ཐོག་སྒྲིག་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་གནད་དོན་ཚབས་ཆེན་དང་ཁྲིམས་འགལ་ཡུལ་སྐོར་དྲ་ཚིགས་24མཐུན་སྦྱོར་བཅོས་སྒྲིག་བྱས་པ་དང་། ཡུལ་སྐོར་དྲ་ཚིགས་11གི་འཐེན་བཤེར་བྱས་འབྲས་དང་ཟུང་འབྲེལ་བྱས་པར་བོད་ཀྱི་ཡུལ་སྐོར་དྲ་ཚིགས་སུ་གཤམ་གྱི་གནད་དོན་འགའ་ཤས་གཙོ་བོ་ལྷག་པ་སྟེ། ཡུལ་སྐོར་དྲ་ཚིགས་རེ་ཟུང་གི་ཐོ་འགོད་སྙན་སེང་ཆ་འཕྲིན་ཚད་ལྡན་མིན་པ་དང་གསལ་པོ་མེད་པ་དང་། ཡུལ་སྐོར་དྲ་ཚིགས་ལ་ལའི་ཁོངས་མིང་རྫུན་སྤྱོད་བྱས་པའི་དོགས་པ་ཡོད་པ། ཡུལ་སྐོར་དྲ་ཚིགས་ལ་ལའི་ཞབས་ཞུའི་ཡོ་ཆས་ས་མཚམས་ཕྱི་རོལ་དུ་ཡོད་པ། ཡུལ་སྐོར་དྲ་ཚིགས་ཉུང་ཤས་ཀྱི་དྲ་ཤོག་ཐོག་ཐེར་འདོན་གོང་ཞུའི་ཆེད་ཁུལ་མེད་པ་སོགས་རེད། གནད་དོན་དེ་དག་ལ་དམིགས་ནས་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་སློབ་གསོ་ཁྲིད་སྟོན་དང་ཁྲིམས་ལྟར་སྐོང་འདྲི་དང་ཞིབ་བཤེར་ཐག་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྒྲིག་འགལ་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་གནད་དོན་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱས་པ་རེད། མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་དྲ་ཚིགས་ཀྱི་དྲ་ངོས་སུ་ཐོ་འགོད་སྙན་སེང་ཆ་འཕྲིན་འཁོད་མེད་པའམ་ཡང་ན་ཐོ་འགོད་སྙན་སེང་ཆ་འཕྲིན་རྫུས་མ་འཁོད་པའི་ཡུལ་སྐོར་དྲ་ཚིགས་ལ་ས་གནས་ས་ཐོག་ཏུ་ཡོ་བསྲང་བྱས་པ་དང་འབྲེལ་ཡུལ་སྐོར་ལས་དོན་ཁང་ལ་དུས་བཀག་ལྟར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་ཞབས་ཞུའི་ཡོ་ཆས་ས་མཚམས་ཕྱི་རོལ་དུ་ཡོད་པའི་ཡུལ་སྐོར་དྲ་ཚིགས་ལ་དམིགས་ནས་འབྲེལ་ཡོད་ཡུལ་སྐོར་དྲ་ཚིགས་ལ་ཞབས་ཞུའི་ཡོ་ཆས་རྒྱལ་ནང་དུ་སྤོ་དགོས་པ་དང་འབྲེལ་འཕྲིན་གཏོང་དོ་དམ་སྡེ་ཚན་དུ་དྲ་ཚིགས་ཐོ་འགོད་སྙན་སེང་གི་འགྲོ་ལུགས་གཉེར་དགོས་པའི་གྲོས་འགོ་བཏོན་ཡོད། གཞན་ཡང་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་ཡུལ་སྐོར་དྲ་ཚིགས་ཉུང་ཤས་ཀྱི་དྲ་ངོས་སུ་ཐེར་འདོན་གོང་ཞུའི་ཆེད་ཁུལ་མེད་པའི་གནས་ཚུལ་ལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ལྕག་སྐུལ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།