ཆུ་སྒོ་གསུམ་པ་དང་ལྷོ་རིའི་སྔོ་ལྗང་ལས་གྲྭའི་ནུས་པའི་འོག་ལྷ་ས་གྲོང་ཁྱེར་གྱི“གཙང་པོ་མཚེའུར་བསྒྱུར་བ”དང“རི་སྟེང་དུ་ཤིང་འཛུགས་པའི”སྣོད་བཅུད་ཕན་འབྲས་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད་པ་རེད། ཉེ་ཆར་ལྷ་ས་སྐྱིད་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་ལ་རྒྱལ་ཁབ་ཀྱི་ཆུ་བེད་མཛེས་ལྗོངས་ཁུལ་ཁག་བཅུ་དྲུག་པའི་མཚན་སྙན་ཐོབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཆུ་སྒོ་གསུམ་པའི་ཉེ་འགྲམ་གྱི་ལྷ་ས་ཆུ་འགྲམ་གྱི་སྤྱི་གླིང་དང་ལྷོ་རིའི་སྔོ་ལྗང་ལས་གྲྭ་གནས་ཡུལ་ཧྥུང་ཁྲུའུ་སྣོད་བཅུད་ཁུལ་ཕུད་ལྷ་ས་སྐྱིད་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་ནང་ད་དུང་སྐྲུན་བཞིན་པའི་ཆུ་སྒོ་གཉིས་པ་དང་བཞི་པ་དང་དེ་བཞིན་འཆར་གཞིའི་ནང་བཅུག་པའི་སྤྱི་གླིང་5ཚུད་ཡོད་པ་རེད། མིག་སྔར་སྤྱི་གླིང་5པོ་དེ་དག་འཛུགས་སྐྲུན་འཆར་འགོད་བྱེད་བཞིན་ཡོད་པ་རེད།