དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་གྱི་བོད་བཟོའི་མཁར་རྫོང་ཡུལ་སྐོར་བྱ་ཡུལ་དུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-02

    ལོ་56ལ་སླེབས་པའི་བོད་རིགས་འབྲོག་པ་ཚེ་ཡོན་གྱིས་རང་ཁྱིམ་གྱི“པད་མའི་བོད་བཟོའི་མཁར་རྫོང་ས་ཚུགས”ལ་ཐག་རིང་ནས་འོང་བའི་མགྲོན་པོ་བསུས་ནས་ཐོག་སོ་གཉིས་པའི་ཚོམས་ཆེན་ནང་འཐུལ་བའི་འོ་ཇའི་དྲི་ཞིམ་གྱིས་གྲང་བའི་རེག་པ་བཅོམ་སྟེ་དྲོ་སོབ་སོབ་ཏུ་གྱུར།

    ཚེ་ཡོན་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་དྷི་མདའ་ཤང་པཎ་ཆེན་གྲོང་ཚོར་ཡོད། དེར་ཀྲུང་གོའི་བོད་བཟོའི་མཁར་རྫོང་མང་པོ་ཉར་ཚགས་ཆ་ཚང་ཤོས་གྲས་ཏེ་པད་མའི་བོད་བཟོའི་མཁར་རྫོང་མང་པོ་མཐོང་རྒྱུ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “པད་མའི་བོད་བཟོའི་མཁར་རྫོང་ས་ཚུགས”ནི་པད་མ་རྫོང་ཨུད་སྲིད་གཞུང་དང་ཧྲང་ཧའེ་ཡིས་མཉམ་དུ་ཉམས་གསོ་བྱས་པ་ཞིག་ཡིན་པར་ཁྱོན་སྒོར་ཁྲི་147བཏང་བའི་ནང་ཧྲང་ཧའེ་ཡིས་རོགས་སྐྲུན་ཐད་སྒོར་ཁྲི་35བཏང་ཡོད། འབྲོག་པ་ཚོས་རང་ཁྱིམ་དུ“མཁར་རྫོང་ས་ཚུགས”བཙུགས་པ་མ་ཟད། སྲིད་གཞུང་གིས་འབྲོག་པར་མར་རྩམ་དང་། བོད་རིགས་ཀྱི་ཁ་ཟས། ཚགས་ཤ་སྐམ་པོ། ལུག་གི་རྒྱུ་མ། ནས་ཀྱི་བག་ལེབ་སོགས་དམངས་སྲོལ་གྱི་ཁྱད་ལྡན་ཟས་རིགས་ས་ཚུགས་ནང་གཤོམ་རྒྱུ་སྐུལ་ཁྲིད་དང་། ས་གནས་གཞན་གྱི་འབྲོག་པ་ཡང་མཁར་རྫོང་ས་ཚུགས་གཉེར་བར་རྒྱུན་ཆད་མེད་པར་ལྕག་སྐུལ་བཏང་ནས་ཡོང་སྒོ་འཕེལ་ཐབས་བྱས་ཡོད།

    “ལོ་ཤས་ནང་། པཎ་ཆེན་གྲོང་ཚོར་ཡུལ་སྐོར་བྱེད་པར་ཡོང་མཁན་ཇེ་མང་དུ་གྱུར་ནས་ས་གནས་ཀྱི་ཡུལ་སྐོར་ལས་རིགས་དང་གྲོང་གསེབ་ཀྱི་ཡུལ་སྐོར་རིག་གནས་སྔར་བས་འཕེལ་རྒྱས་ཕྱིན་ཏེ་ས་གནས་ཀྱི་མང་ཚོགས་ལ་ཡོང་འབབ་མང་དུ་འགྲོ་ཕྱིར། 2015ལོར་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་དེ་གའི་ཡུལ་མི་ཚོས་རང་ཁྱིམ་ས་ཚུགས་ལྟ་བུར་བཟོས་ནས་ཡུལ་མིའི་ཡོང་སྒོ་མང་དུ་གཏོང་ཐབས་བྱས་ཡོད”ཅེས་དྷི་མདའ་ཤང་གི་ཤང་ཀྲང་པད་མ་རིག་འཛིན་གྱིས་ཀྲུང་གོའི་གསར་འགྱུར་དྲ་བའི་གསར་འགོད་པར་དེ་ལྟར་བཤད་ཅིང་། ཁོང་གིས་ད་ཆ་གྲོང་ཚོ་ཡོངས་ལ་ཁྱིམ་ཚང་ས་ཚུགས་སུ་བཟོས་པའི་ཐེམ་དུད་4ཡོད་པ་དེ་དག་གིས་ཡུལ་སྐོར་བ་བརྒྱ་ཙམ་ལ་སྣེ་ལེན་ཞུ་བཞིན་ཡོད་ལ་ད་དུང་ཁྱིམ་ཚང་དྲུག་མཛེས་བཟོ་བྱེད་བཞིན་ཡོད། བོད་བཟོའི་མཁར་རྫོང་ས་ཚུགས་དེ་དག་ལས་གཉེར་བྱས་མ་ཐག་པའི་དུས་ཡིན་ནའང་། འདི་ལོར་བྱུང་བའི་ཡོང་འབབ་ལ་བལྟས་ཚེ། ས་གནས་ཀྱི་འབྲོག་པ་ཕྱུག་པོ་ཆགས་པ་བྱེད་པའི་རེ་བ་འཆང་ཡུལ་གསར་པར་གྱུར་ལ་སླད་ཕྱིན་ཡང་ཇེ་ཡག་ཏུ་འགྲོ་ངེས་ཞེས་བཤད།

    “ན་ནིང་ཧྲང་ཧའེ་ཆིན་ཕུའུ་ཆུས་དང་ས་གནས་སྲིད་གཞུང་གིས་ང་ཚོར་མཛེས་བཟོ་བྱེད་པའི་དངུལ་སྒོར་ཁྲི་20སྤྲད་བྱུང་། ང་ཚོའི་རང་ཁྱིམ་གྱི་རྫོང་མཁར་ས་ཚུགས་འདི་ལོའི་ཟླ་ལྔ་པར་སྒོ་ཕྱེ་ནས་འདི་ལོ་དབྱར་ཁར་ཡུལ་སྐོར་བ་བཅུ་གྲངས་ཁ་ཤས་ལ་སྣེ་ལེན་བྱས་པ་ཡིན། ཡོང་སྒོའང་སྔོན་མ་ལས་མང་བ་བྱུང”ཞེས་ཚེ་ཡོན་གྱིས་གསར་འགོད་པར་བཤད།

    གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། པཎ་ཆེན་གྲོང་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བའི་དབང་གིས་སྨར་ཁོག་ཆུའི་ནགས་ཚལ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་བཟོའི་མཁར་རྫོང་། པད་མ་རྫོང་གི་དམར་དམག་རོང་བཅས་ཀྱིས་ཕྱོགས་བཞིའི་ཡུལ་སྐོར་བ་བཀུག་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ས་གནས་ལ་ཚོང་ལམ་གཏོད་ཡོད། “འཕེལ་རྒྱས་འདི་འདྲ་བྱུང་བས་ས་གནས་ཀྱི་འབྲོག་པའི་བསམ་བློར་འགྱུར་ལྡོག་ཐེབས་ནས་རང་འགུལ་ངང་དབུལ་སྒྲོལ་གྱི་འདུ་ཤེས་རིམ་པས་ཟབ་ཏུ་ཕྱིན་ཏེ། འབྲོག་པས་རང་ཁྱིམ་ལ་ས་ཚུགས་ལས་གཉེར་བྱས་ནས་ཚོང་གཉེར་བྱེད་པ་ཕུད། བོད་ཇ་སོགས་ཀྱི་ཐོན་ལས་ལ་བརྟེན་ནས་དེ་ནས་བྱུང་བའི་ཡོང་སྒོས་ཁྱིམ་ཚང་གི་འཚོ་རྟེན་བྱེད་བཞིན་ཡོད”ཅེས་པད་མ་རིག་འཛིན་གྱིས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།