དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྣ་རྫོང་གིས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།   |     སྤེལ་དུས།  2016-11-22

    ཉེ་བའི་ལོའི་རིང་།མཚོ་སྣ་རྫོང་གིས་ལེགས་པོ་རོང་མཛེས་ལྗོངས་ཁུལ་གྱིས་སྲོག་ཤིང་བྱས་ཏེ་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་པ་དང་ཡུལ་སྐོར་ཞབས་ཞུའི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ།ཁྱད་ལྡན་དམངས་སྲོལ་རིག་གནས་སྔོག་འདོན་བྱེད་པ།ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱེད་པ་བཅས་ཀྱི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་སྤྱི་ཟླ༡༡པའི་ཟླ་མགོ་བར་ལེགས་པོ་རོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས༤༦༠༠༠ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ༢༠འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་ཚོ༡༥༩༢ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ༡༨འཕར་ཡོད།


    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།