དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་བོད་གཞུང་ལམ་རྒྱུད་དུ་མཚོ་བོད་ལྗང་མདོག་ས་ཚིགས་20བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2016-11-21

    མི་དམངས་དྲ་བའི་འཕྲིན།མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཆེད།མཚོ་བོད་གཞུང་ལམ་རྒྱུད་དུ་མཚོ་བོད་ལྗང་མདོག་ས་ཚིགས་20ཙམ་བསྐྲུན་རྒྱུ་ཡིན་པའི་ནང་།དུས་བཀག་དང་པོའི་གོར་མོ་ནས་གདང་ལ་གྲོང་རྡལ་ཐོག་ཐོན་གཙང་པོའི་རྒྱུདབར་གྱི་སྤྱི་ལེ་420ཡི་ལམ་དུམ་དུ་ས་ཚིགས་8བསྐྲུན་རྒྱུ་དེ་དག་འདི་ལོ་གོར་མོ་གྲོང་ཁྱེར་གྱིས་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ་སྔོན་དཔག་ལྟར་ན། 2017ལོར་བསྐྲུན་ནས་སྤྱོད་འགོ་བཙུགས་རྒྱུ་དང་།དུས་བཀག་གཉིས་པའི་མཚོ་བོད་གཞུང་ལམ་བོད་ལྗོངས་ལམ་དུམ་དུ་ས་ཚིགས་10འཆར་འགོད་བྱེད་རྩིས་ཡོད་པ་རེད།

    མཚོ་བོད་ལྗང་མདོག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་དམངས་ཁྲོད་སྒྲིག་གཞི་མཉམ་ལས་བྱས་ནས་མཚོ་བོད་གཞུང་ལམ་ལམ་རྒྱུད་དུ་ཐུན་མོང་ཐོག་བཙུགས་པའི་གད་སྙིགས་ཚུར་བསྡུའི་ས་ཚིགས་ཤིག་ཡིན་ཞིང་།དེ་ནི་གད་སྙིགས་ཚུར་བསྡུ་གཙོ་བོར་བྱས་པའི་རྒྱང་སྐྱོད་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ལ་གནས་སྐབས་ངལ་གསོ་རྒྱག་ས་མཁོ་འདོན་བྱེད་པ་དང་།སྣོད་བཅུད་ཐོན་ཁུངས་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ས་ཚིགས་ཤིག་རེད།མཚོ་བོད་ལམ་ཐིག་གི་མཛེས་ལྗོངས་ཁྱད་ཆོས་དང་དེ་བཞིན་རིན་མེད་གསང་སྤྱོད་དང་།རིན་མེད་ཆུ་འཁོལ།རིན་མེད་དྲ་རྒྱ་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱེད་པ་བརྒྱུད།རྒྱང་སྐྱོད་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ལ་གནས་སྐབས་ངལ་གསོ་རྒྱག་རྒྱུའི་ཡིད་དབང་འགུག་པ་མ་ཟད།རང་ཉིད་ཀྱི་རླངས་འཁོར་ཐོག་གི་གད་སྙིགས་ལྗང་མདོག་ས་ཚིགས་ཀྱི་གད་སྙིགས་རིགས་དབྱེའི་ཚུར་བསྡུ་བྱེད་སར་བསྐྱལ་ཚེ་ཁྱད་ལྡན་དྲིལ་བསྒྲགས་དྲན་རྟེན་དངོས་པོ་སྣ་ཚོགས་བརྗེ་ལེན་བྱེད་ཐུབ།དེ་དང་དུས་མཚུངས་མཚོ་བོད་གཞུང་ལམ་གྱི་བདལ་གླ་ཁེ་བའི་རླངས་འཁོར་སྟོང་ལོག་བྱེད་མཁན་གླས་ནས་ཚུར་བསྡུ་ཐུབ་པའི་གད་སྙིགས་གོར་མོ་གྲོང་ཁྱེར་དུ་གཅིག་སྡུད་ཐོག་ཐག་གཅོད་བྱས་རྗེས།ད་སྙིགས་དག་ཉེ་འགྲམ་གྱི་གད་སྙིགས་སྦས་སར་ཐག་གཅོད་བྱ་རྒྱུར་དབོར་གྱི་ཡོད་པས།གད་སྙིགས་ཁ་ཐོར་བསྡུ་རུབ་དང་།ཐག་རིང་ནས་དབོར་འདྲེན།གཅིག་སྡུད་ཐག་གཅོད་བཅས་ཐུབ་ཀྱི་ཡོད།

    དེ་དང་དུས་མཚུངས་ལྗང་མདོག་ས་ཚིགས་དེ་དག་དབྱེ་འབྱེད་གསལ་པོ་ཡོང་ཆེད།མཚོ་བོད་ལྗང་མདོག་ས་ཚིགས་ཀྱིས་གོ་ལ་ཧྲིལ་པོ་ནས་ཁྱོན་མཚོན་རྟགས་227བསྡུ་རུབ་བྱས་པའི་ཁྲོད་ནས་མཚོ་སྔོན་ལྗང་མདོག་ས་ཚིགས་རང་ལ་དབང་བའི་མཚོན་རྟགས་བདམས་པསམཁའ་ལམ་ལ་སྦགས་གཙོག་མི་ཤོར་བ་དང་།མཚོ་བོད་ས་མཐོ་དྭངས་གཙང་རྒྱུན་འཁྱོངས་བྱེདཔ་ཤུགས་སུ་བསྟན་ཡོད།ཕྱིས་སུ་མཚོ་བོད་ལྗང་མདོག་ས་ཚིགས་བསྐྲུན་པ་དང་བསྟུན་ནས་མཚོ་བོད་གཞུང་ལམ་རྒྱུད་ཀྱི་གད་སྙིགས་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་ཐག་གཅོད་ཐུབ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།