དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ དགུན་དུས་བོད་ལ་བསྐྱོད་ནས་བོད་ཀྱི་ཉམས་བཟང་ལ་རོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-11-21

    ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་སོགས་ཀྱིས་གཙོ་གཉེར་བྱས་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད། ལྷ་སའི་བོད་ཁྱིམ་ཉམས་སུ་མྱོང”ཞེས་པའི་བྱེད་སྒོ་ལྷ་སའི་གནའ་གྲོང་ཁུལ་དང་ཉེ་འཁོར་གྱི་རྫོང་དང་ཤང་དུ་སྤེལ་ནས། ཡུལ་སྐོར་བར་གངས་ལྗོངས་ས་མཐོའི་དགུན་དུས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་གྱུར་ཉམས་ལེན་བྱེད་པའི་གོ་སྐབས་ཤིག་བྱིན་པ་རེད།

    འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་ཡོད་པའི་ཁྱིམ་ཚང་འགྲུལ་ཁང་ཞིག་གི་ཕྱི་རོལ་དུ་བོད་རིགས་མང་ཚོགས་ཀྱིས་ལག་ཏུ་གྲོ་སོ་ཕྱེ་མར་ཁྱེར་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གནས་ཚུལ་ཡིན་པ།

    འདི་ནི་ཡུལ་སྐོར་བས་བོད་རིགས་དང་མཉམ་དུ་མེ་ཕུང་མདུན་དུ་སྒོར་གཞས་འཁྲབ་པའི་གནས་ཚུལ་ཡིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་བོད་བཟོའི་ཁྱིམ་ཚང་འགྲུལ་ཁང་དུ་ཡུལ་སྐོར་བས་བོད་ཟས་སྣ་ཚོགས་བཟའ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།