དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་སྟེང་ཆེན་རྫོང་ཞེ་གཞུང་ཤང་གི་ཐོན་ལས་དབུལ་སྐྱོར་ལས་དོན་གྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་མི་ཕྱུག་པོར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-21

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཤར་ལ་གྲོང་ཚོའི་མ་ཎི་གཞིས་ཀའི་རྣམ་གྲངས་ནི་སྟེང་ཆེན་རྫོང་གཞུང་ཤང་སྣོད་བཅུད་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་ཞིང་། དེ་ཞེ་ཆུའི་ངོགས་སུ་ཆགས་པ་དང་རྒྱབ་རིང་རྫོང་པ་རོང་ལྷ་རིར་བཅོལ་ཡོད། གཞིས་ཀའི་རྒྱལ་སྒོ་འཛུལ་རྗེས་སྔོ་ཐིང་ངེར་གནས་པའི་ནེའུ་གསིང་དག་མཐོང་སྐབས་ལམ་བར་གྱི་ངལ་དུབ་ཀྱང་བསལ་བ་ལྟར་སྣང་། མི་རིང་བའི་སར་བོད་ལུགས་རས་གུར་དང་། སྦྲ་ནག གནའ་ཉམས་དོད་པའི་ལྡིང་ཁང་སོགས་ནས་དགོད་སྒྲ་ལྷང་ལྷང་དུ་སྒྲོག་བཞིན་མཆིས། འགའ་ཤས་ཆང་རག་ལ་རོལ་བཞིན་དམངས་གླུ་ལེན་པའམ་ལྷ་མོ་འཁྲབ་པ་དང་། ལ་ལ་མིག་མངས་རྩེ་བ་དང་སྐོར་བྲོ་འཁྲབ་བཞིན་གནས་བསོད་བདེ་བའི་ངང་དགའ་བདེའི་དཔལ་ལ་རོལ་བཞིན་འདུག

    ཉེ་བའི་ལོ་ཤས་རིང་ས་མཐོར་གླིང་ཁ་གཏོང་བའི་དར་སྲོལ་ཆེ་རུ་སོང་ནས་གུར་ཡང་ཇེ་ཆེ་མཛེས་སུ་འགྲོ་བཞིན་ཡོད། ཉིན་ཤས་བསྟུད་མར་རྩྭ་ཐང་སྟེང་མཚན་གང་གླུ་ལེན་གར་འཁྲབ་བྱས་ནས་ཧ་ཅང་སྐྱིད་སྣང་དོད་པོ་ཞིག་ཡོད།

    ད་ཆ་གླིང་ཁ་གཏོང་མཁན་བོད་རིགས་མི་དམངས་ཙམ་མིན་པར་རྒྱལ་ལམ་317རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཉིན་རེ་ལས་མ་འདས་པར་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཡུལ་གཞན་གྱི་ཡུལ་སྐོར་བ་ཀྱང་མང་པོ་ཡོད། ཞིམ་མངར་མཆོད་ཆང་ལ་རོལ་ནས་ཁོང་ཚོས་བོད་རིགས་སྤུན་ཟླ་ཚོ་དང་ཆང་སྟོན་གཏོང་བ་དང་། ཚགས་ཤ་ལ་སོགས་པའི་བོད་རིགས་ཀྱི་ཟས་མཆོག་ལོངས་སུ་སྤྱད་ནས་སྤང་ལྗོངས་ཐོག་གང་དགའ་གང་སྐྱིད་བྱེད་པ། གཞས་མ་རྣམ་ཐར་ལེན་བཞིན་ལམ་བར་གྱི་ངལ་དུབ་སེལ་བ་བཅས་བྱེད་ཀྱི་ཡོད།

    དེའི་རྐྱེན་གྱིས་ཞེ་གཞུང་ཤང་ཏང་ཨུད་དང་སྲིད་གཞུང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་ནས་རྒྱལ་ལམ་317རྒྱུད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་གོ་སྐབས་དེར་དམ་འཛིན་བྱས་ནས་མ་ཎི་གཞིས་ཀའི་སྒྲིག་ཆས་ཁག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞིས་ཀའི་ཁྱབ་ཁོངས་དང་ནུས་པ་ཁག་རྒྱ་ཆེར་གཏོང་བ། ཉེ་འཁོར་གྱི་འབྲེལ་ཡོད་ཐོན་ལས་ཁྱབ་འགྱེད་དང་སྐུལ་ཁྲིད་བཅས་བྱས་ནས་གཞིས་ཀ་དེ་ཉིད་སྟེང་ཆེན་རྫོང་གི་གྲགས་ཅན་ཡུལ་སྐོར་སྤུས་རྟགས་སུ་གཏོད་རྒྱུ་རེད།

    གཞིས་ཀའི་ཞབས་ཞུ་བ་རྣམས་ནི་ཤར་ལ་གྲོང་ཚོའི་དཀའ་ངལ་ཡོད་པའི་དུད་ཚང་ནས་ཡིན་པ་དང་ཁྱིམ་ཚང་ཚང་མས་ངལ་ནུས་འདོན་སྤེལ་བྱེད་ཀྱི་ཡོད། “དམག་སྦྱོང་རྣམ་པ་ལྟར་གཅིག་སྡུད་སྦྱོང་བརྡར”བྱས་པ་བརྒྱུད། ལས་ལ་བརྩོན་པ་དང་། བབ་ཆགས་པ། དཀའ་སྡུག་བཟོད་ཐུབ་པ་བཅས་ཀྱི་ཞབས་ཞུའི་རྣམ་འགྱུར་ཁོང་ཚོའི་ལས་ཀའི་ཁྲོད་ནས་མཐོང་ཐུབ།

    ལོ་52ལ་སླེབས་པའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་དབང་སྟོབས་རྒྱལ་གྱིས་ད་ཆ་གྲོང་ཚོ་ནས་རྫོང་གྲོང་བར་སྐྱོད་པར་སྤྱི་ལེ་10ཙམ་གྱི་སྣུམ་ནག་གཞུང་ལམ་ཡོད། ང་རང་ཆུང་དུས་ལ་ཀླུང་མང་པོ་བརྒལ་ནས་ཉིན་གཅིག་ཧྲིལ་པོ་འགྲོ་དགོས་ཀྱི་ཡོད་ཅེས་སེམས་འགུལ་ཐེབས་བཞིན་བཤད་ཅིང་། ཁོང་གིས“ང་ཚོའི་གཞིས་ཀའི་ཉེ་འགྲམ་དུ་ད་དུང་མཛེས་ཤིང་ལྟ་ན་སྡུག་པའི་ནགས་ཚལ་ཆུང་ངུ་ཞིག་ཡོད། གོམ་སྟབས་རྗེས་མར་དེ་གར་རང་བྱུང་གླིང་ཁ་གཏོང་ས་ཞིག་བཟོས་ནས་ཡུལ་སྐོར་བ་ཚོར་དགའ་གཏོང་བྱེད་ས་ཞིག་མང་དུ་གཏོང་རྩིས་ཡོད”ཅེས་དེང་སྐབས་ཡུལ་སྐོར་བའི་འཛད་སྤྱོད་བསམ་བློ་ཤེས་པ་བཞིན་བཤད།

    རྣམ་གྲངས་ལག་ལེན་བསྟར་རྗེས་མིག་སྔའི་བར། ཡུལ་སྐོར་བ་600ལྷག་ཙམ་ལ་སྣེ་ལེན་ཞུས་པར་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་11ལྷག་ཙམ་བྱུང་། རྣམ་གྲངས་དེས་དུད་ཚང་17སོ་སོར་འབབ་འཕར་སྒོར་5000ཟིན་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་500ཡན་ཟིན་རྒྱུ་རེད། ཐོན་ལས་རྒྱ་སྟོབས་ཆེ་རུ་སོང་བ་དང་བསྟུན་ནས། ཤང་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་སྐོར་ལྟ་སྐོར་སྤྲོ་གསེང་སོགས་གཅིག་ཏུ་འདུས་པའི་རྣམ་གྲངས་ལག་ལེན་བསྟར་ནས་གཞིས་ཀ་བསྐྲུན་རྒྱུ་ཡིན་སྟབས། སྐབས་དེ་དུས་དཀའ་ངལ་ཡོད་པའི་དུད་ཚང་གི་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།