དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གསེར་མདོག་གིས་བརྒྱན་པའི་ལྷ་ས།མི་ཡུལ་གྱི་མཛེས་ཆོས་འདུས་པའི་གནས་མཆོག

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2016-11-21

    མི་དམངས་དྲ་བའི་འཕྲིན། སྟོན་རླུང་ཁྲོད་ཀྱི་སྡོང་ལོའི་སིལ་སྒྲ་དེ་ནི་སྡོང་ལོ་སེར་པོས་རང་ཉིད་ལ་ཕུལ་བའི་སེམས་གཏིང་གི་འབོད་སྒྲ་རེད་ལ། འཆར་ལ་ཉེ་བའི་དགུན་གྱི་དུས་དེར་ཕུལ་བའི་རེ་བའི་སིལ་གླུ་ཡང་རེད། མ་གཞི་ཚེ་སྲོག་ནི་ཅི་འདྲའི་ཡུན་ཐུང་ཞིག་ཡིན་མོད། འོན་ཀྱང་སྡོང་ལོ་སེར་པོ་རེ་རེར་རང་སྲོག་བློས་གཏོང་གི་ངར་སེམས་ཤིག་ལྡན་པ་ལགས་ན། རང་ཉིད་ལ་དབང་བའི་སྟོན་མཇུག་དེར་སྐྱེལ་མ་དང་དགུན་གྱི་དུས་ཚིགས་ལ་བསུ་མ་ཞུ་བའི་དུས་མཚམས་འདིར། ཨམ་གཙིགས་བསྡམས་ནས་ཆེས་མཚར་སྡུག་གི་མཛེས་དཔལ་དེ་ངོམས་པར་བྱས།

    དེར་བརྟེན། ཆེས་དོན་སྙིང་ལྡན་ཤོས་ཀྱི་འཚོ་བ་ནི་གང་འདོད་ཅི་འདོད་དུ་རོལ་རྒྱུ་དེ་ལགས་ཏེ། དཔྱིད་ཀར་མེ་ཏོག་གི་མཚར་སྡུག་མྱོང་ཞིང་། སྟོན་ཁར་གསེར་མདོག་གི་ཉམས་སྣང་ལ་འདང་། དགའ་སྣང་དང་སྐྱིད་སྣང་གི་བློ་ཞིག་འཁྲུངས་ངེས་ལ། གཡོ་ལྷད་བྲལ་བའི་བྱིས་པ་ལྟར་དེ་བས་བྱེད་པར་འདོད་པས། མི་ཚེ་ཟེར་བ་དེ་འདྲ་ཞིག་མ་ཡིན་ནམ།

    དེས་ན། ད་ཐེངས་ཀྱི་པར་ངོས་ལས་ང་ཚོས་ལྷ་སའི་སྟོན་མཇུག་གི་མཛེས་པ་ཉམས་སུ་མྱངས་ནས། རང་ཉིད་ལ་དབང་བའི་མི་ཚེའི་དུས་མཚམས་འདིར་ཅི་བདེར་རོལ་ཅིག་ཨང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།