ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་སས་དགུན་དུས་ཀྱི་ཡུལ་སྐོར་འབྲེལ་ཡོད་འཆར་གཞི་འགོད་བཞིན་ཡོད་ཅིང་། “ཉི་འོད”དང་། “སྐར་ཚོགས་བཀྲ་བའི་ནམ་མཁའ”“དུས་ཆེན”“དགུན་སྒྲོལ་དུས་བྱ”“གངས་རི་དང་ཆུ་ཚན”སོགས་དགུན་དུས་ཀྱི་རང་བྱུང་དང་རིག་གནས་ཡུལ་ལྗོངས་གཙོ་བོར་བཟུང་སྟེ་ཁྱད་ལྡན་ཡུལ་སྐོར་སྐྱོད་ལམ་བཏོད་ནས་ཡུལ་སྐོར་བར་གངས་ལྗོངས་ས་མཐོའི་དགུན་དུས་ཀྱི་དམིགས་བསལ་ཉམས་འགྱུར་ཉམས་ལེན་བྱེད་པའི་གོ་སྐབས་ཤིག་གཏོད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཡངས་པ་ཅན་ཆུ་ཚན་དང་། རུ་ཐོག་ཆུ་ཚན། གཏེར་སྒྲོམ་ཆུ་ཚན་སོགས་ལས་གྲུབ་པའི་གངས་རིའི་ཆུ་ཚན་རྒྱག་པའི་ཡུལ་སྐོར་སྐྱོད་ལམ་དང་། རྫོང་རྒྱབ་ཀླུ་ཁང་དང་། ལྷ་ཀླུ་འདམ་ར། འཕན་པོའི་ཁྲུང་ཁྲུང་སྲུང་སྐྱོང་ཁུལ་བཅས་ལས་གྲུབ་པའི“འདམ་ར་ལྟ་སྲུང”གི་དགུན་དུས་ཀྱི་བྱ་རིགས་སྐོར་གཟིགས་ཡུལ་སྐོར་སྐྱོད་ལམ། གནམ་མཚོ་དང་། འབྲས་སྤུངས། ཡངས་པ་ཅན་སོགས་ཚུད་པའི་སྐར་དཔྱད་ཡུལ་སྐོར་སྐྱོད་ལམ་བཅས་གཏོད་རྩིས་ཡོད་པ་རེད། གཞན་ཡང་བྱ་རིགས་སྐོར་གཟིགས་སྟེགས་བུ་དང་། སྐར་དཔྱད་སྒར་ས། དེ་བཞིན་འབྲེལ་ཡོད་བཟའ་སྡོད་སྒྲིག་བཀོད་བཅས་འཆར་འགོད་ཀྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།