དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་སས་ཁྱད་ལྡན་ཡུལ་སྐོར་ལམ་ཐིགས་གཏོད་ནས་ཡུལ་སྐོར་བ་ཚོར་ས་མཐོའི་དགུན་དུས་ལ་མྱོང་རོལ་བྱེད་པའི་གོ་སྐབས་སྐྲུན་པ།

  • ཡོང་ཁུངས།  བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།   |     སྤེལ་དུས།  2016-11-16

    ཉེ་དུས།གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།ལྷ་སས་ད་ལྟ་དགུན་དུས་ཡུལ་སྐོར་གྱི་འབྲེལ་ཡོད་འཆར་འགོད་བཟོ་བཞིན་ཡོད་པ་དང་།ཉི་འོད་དང་སྐར་ཚོགས།དུས་སྟོན།དགུན་སྒྲོལ་དུས་བྱ།གངས་རི་ཆུ་ཚན་ཞེས་པ་སོགས་ཀྱི་དགུན་དུས་ཀྱི་རང་བྱུང་དང་རིག་གནས་མཛེས་ལྗོངས་ཀྱིས་ལྟེ་བ་བྱས་ཏེ།ཁྱད་ལྡན་གཙོ་དོན་ཡུལ་སྐོར་ལམ་ཐིགས་གཏོད་ནས་ཡུལ་སྐོར་བ་ཚོར་གངས་ལྗོངས་ས་མཐོའི་ཐུན་མིན་གྱི་དགུན་དུས་ལ་མྱོང་རོལ་བྱེད་པའི་གོ་སྐབས་སྐྲུན་རྒྱུ་ཡིན།

    ལྷ་སས་ད་དུང་ཡངས་པ་ཅན་ཆུ་ཚན་དང་རུ་ཐོག་ཆུ་ཚན།གཏེར་སྒྲོམ་ཆུ་ཚན།ཆུ་བཟང་ཆུ་ཚན་བཅས་ལས་གྲུབ་པའི་གངས་རི་ཆུ་ཚན་ཞེས་པའི་ཡུལ་སྐོར་ལམ་ཐིགས་དང་།རྫོང་རྒྱབ་ཀླུ་ཁང་དང་ལྷ་ཀླུ་འདམ་རྭ།འཕན་པོ་རོང་སའི་ལྷུན་གྲུབ་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཁུལ་བཅས་གཅིག་ཏུ་འབྲེལ་བའི་འདམ་རྭར་བལྟ་བ་ཞེས་པའི་དགུན་དུས་དུས་བྱ་ལ་ལྟད་མོ་བལྟ་བའི་ཡུལ་སྐོར་ལམ་ཐིགས།དེ་བཞིན་གནམ་མཚོ་དང་འབྲས་སྤུངས་དགོན།ཡངས་པ་ཅན་སོགས་ནས་སྐར་ཚོགས་ལ་བལྟ་བའི་ཡུལ་སྐོར་ལམ་ཐིགས་བཅས་འཆར་འགོད་བྱ་རྩིས་ཡོད་པ་མ་ཟད།དུས་བྱར་བལྟ་སའི་སྟེགས་བུ་དང་སྐར་ཚོགས་ལ་བལྟ་སའི་སྒར་ས།འབྲེལ་ཡོད་ཟས་སྡོད་སྒྲིག་ཆས་སོགས་ད་ལྟ་འཆར་འགོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།