དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རྒྱལ་ལམ་318སྤོ་མེས་ལམ་དུམ་བུར་ཟླ11ཚེས་15ཉིན་ནས་བཟུང་འགྲིམ་འགྲུལ་བཀག་སྡོམ་ཟླ་གཅིག་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-11-14

    ཤེས་རྟོགས་བྱུང་བར་གཞིགས་ན།སྤོ་མེས་ལམ་དུམ་དུ་2016ལོའི་ཟླ་11ཚེས་15ཉིན་ནས་2016ལོའི་ཟླ་12ཚེས་15ཉིན་བར་འགྲིམ་འགྲུལ་བཀག་སྡོམ་ཁྱོན་ཉིན་30བར་རེད།འགྲིམ་འགྲུལ་བཀག་སྡོམ་བྱ་ཡུལ་གྱི་ལམ་དུམ་ནི།རྒྱལ་ལམ་318གྱི་4008KM—4022KMབར་ཡིན་པ་དང་།འགྲིམ་འགྲུལ་བཀག་སྡོམ་གྱི་ཞིབ་ཕྲའི་དུས་ཚོད་ནི།ཞོགས་པའི།ཆུ་ཚོད་8:30—12:30བར་ལམ་བཀག་ནས་ཨར་ལས་བྱ་རྒྱུ་དང་།ཉིན་དགུང་ཆུ་ཚོད་12:30—15:30བར་ཨར་ལས་ལམ་དུམ་དུ་འགྲོ་སྐྱོད་ཆོག་པ།ཕྱི་དྲོའི་ཆུ་ཚོད།15:30-19:30བར་ལམ་བཀག་ནས་ཨར་ལས་བྱ་རྒྱུ་དང་།དགོང་མོའི་ཆུ་ཚོད།19:30ནས་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད།8:30ཨར་ལས་བྱ་ཡུལ་ལམ་དུམ་ཕྱོགས་གཉིས་སུ་བཞག་པའི་རླངས་འཁོར་འགྲོ་སྐྱོད་བྱེད་ཆོག

    ཟླ་11ཚེས་15ཉིན་ནས་ཟླ་12ཚེས་15ཉིན་བར།སྒེར་འཁོར་བཏང་ནས་བོད་དུ་འགྲོ་འོང་བྱ་རྩིས་ཡོད་པའི་གྲོགས་པོ་རྣམས་ཀྱིས་དོ་སྣང་བྱ་རྒྱུར།སྤོ་མེས་ལམ་དུམ་དུ་སྣུམ་ནག་ལམ་འདིང་རིང་།འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པས།རང་ཉིད་ཀྱི་ཕྱོགས་ཐོན་དུས་ཚོད་བཀོད་སྒྲིག་འོས་འཚམ་བྱས་ནས་འགྲུལ་བཞུད་འཐུས་ཤོར་མི་ཡོང་བ་བྱ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།