དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ཡུལ་སྐོར་དྲ་ཚུགས་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-11-13

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་དྲ་ཚུགས་གནས་ཚུལ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་ཡུལ་སྐོར་དྲ་ཚུགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་ཆེད། ཟླ་10པའི་ཟླ་སྟོད་དུ་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཆེད་དོན་གཙང་བཤེར་བཅོས་སྒྲིག་ལས་དོན་ཚོགས་ཆུང་བཙུགས་ཏེ་ཟླ་གཉིས་རིང་ཡུལ་སྐོར་དྲ་ཚུགས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཞིང་། ཉེ་དུས་ལས་དོན་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཡུལ་སྐོར་དྲ་ཚུགས་ཀྱི་གྲངས་འབོར་དང་གཞི་ཁྱོན་ལ་གཙང་བཤེར་བྱས་པ་རེད།

    གཙང་བཤེར་དང་བསྡོམས་རྩིས་བྱས་པ་བརྒྱུད་ལྗོངས་ཡོངས་སུ་ཡུལ་སྐོར་དྲ་ཚུགས་ཁྱོན་338ཡོད་པའི་ནང་ཕྱོགས་བསྡུས་ཡུལ་སྐོར་དྲ་ཚུགས་དང་། ཡུལ་སྐོར་ལས་དོན་ཁང་གི་དྲ་ཚུགས། ཡུལ་སྐོར་གྱི་དྲ་ཐོག་ནས་ཞབས་ཞུ་མངགས་པའི་དྲ་ཚུགས། དྲ་ཚུགས་ཡུལ་སྐོར་འཕྲིན་ལམ། ཡུལ་སྐོར་སྐད་འཕྲིན་སྤྱི་རྟགས། ཡུལ་སྐོར་APPསོགས་ཚུད་ཡོད། རིགས་ལ་གཞིགས་ནས་དབྱེ་ན་ལྗོངས་ཡོངས་སུ་ཡུལ་སྐོར་དྲ་ཚུགས་288དང་། དཔོད་ཆུང་16 སྐད་འཕྲིན་སྤྱི་རྟགས་29 APP5 རྫོང་74ཡི་གསར་འགྱུར་གྱི་གཙོ་ཆེའི་དྲ་ཚུགས་ཀྱི་ཡུལ་སྐོར་འཕྲིན་ལམ་བཅས་ཡོད། དེའི་ནང་རང་སྐྱོང་ལྗོངས་ལ་དྲ་ཚུགས་194དང་། སྐད་འཕྲིན་སྤྱི་རྟགས་7 དཔོད་ཆུང་6བཅས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་རང་ལྗོངས་ཀྱི་ཡུལ་སྐོར་དྲ་ཚུགས་ཀྱི་གྲངས་འབོར་ཅུང་མང་རུང་མང་ཆེ་བ་ནི་གསར་དུ་བཙུགས་པའི་དྲ་ཚུགས་ཡིན་སྟབས་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་མེད། ཡུལ་སྐོར་གྱི་APPབལྟོས་བཅས་ཀྱིས་ཉུང་མོད། འོན་ཀྱང་རིམ་གྱིས་མང་དུ་འགྲོ་བཞིན་ཡོད། སྤྱི་ཡོངས་ནས་བལྟས་ཚེ་ཡུལ་སྐོར་དྲ་ཚུགས་དང་ས་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་མཐུན་པས་དྲ་ཚུགས་མང་ཆེ་བའི་ནང་དོན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་མོད། འོན་ཀྱང་བསྡུ་སྒྲིལ་བྱེད་ཤུགས་མི་འདང་བས་ཡུལ་སྐོར་བར་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་མེད་ཅེས་ངོ་སྤྲོད་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་དྲ་ཚུགས་ཀྱི་གྲངས་འབོར་གཙང་བཤེར་བྱས་རྗེས་གོམ་སྟབས་རྗེས་མར་ལས་དོན་ཚོགས་ཆུང་གིས་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞིང་། དང་ཐོག་ཡུལ་སྐོར་དྲ་ཚུགས་ཀྱིས་རང་བཤེར་རང་བཅོས་བྱ་རྒྱུ་དང་། ཡུལ་སྐོར་དྲ་ཚུགས་ཀྱིས་རང་བཤེར་བྱེད་སྐབས་ཕྱོགས་བདུན་ཐད་ནས་རང་ཉིད་ལ་ཞིབ་ལྟ་བྱ་རྒྱུ། ཚད་གཞི་ཁག་བདུན་ནི་དྲ་ཚུགས་ཐོ་འགོད་སྙན་སེང་ཚད་ལྡན་ཡིན་མིན་དང་། ཁས་ལེན་བྱས་པའི་ཞབས་ཞུ་ལག་བསྟར་བྱེད་མིན། ཆ་འཕྲིན་ནང་དོན་ཡོངས་བསྒྲགས་ཞིབ་བཤེར་དང་། སྤྱོད་མཁན་གྱི་མིང་ངོ་མའི་ཆ་འཕྲིན་ཐོ་འགོད། ལས་གཉེར་མི་སྣའི་ཡིད་རྟོན་དཔྱད་ཞིབ་བཅས་ཀྱི་ལམ་ལུགས་བཙུགས་མིན། ཐེར་འདོན་ཆེད་ཁུལ་བཙུགས་མིན་དང་བདག་སྤྲོད་བྱས་མིན། སྒྲིག་འགལ་དང་ཁ་དན་ཚིག་ལ་མ་གནས་པ་སྔོན་འགོག་དང་། ཤེས་རྟོགས། ཐག་གཅོད་བཅས་བྱེད་མཁན་གྱི་ཆེད་དོན་འགན་འཁུར་བ་ཡོད་མེད། སྒྲིག་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་དོགས་པ་ཡོད་མཁན་ནུས་ལྡན་ངང་གཙང་བཤེར་བྱེད་མིན། སྤྱོད་མཁན་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་མིན་བཅས་ཡིན།

    ཆེད་དོན་བཅོས་སྒྲིག་ལས་དོན་གྱི་གཙོ་གནད་ནང་དོན་ཁག་བདུན་ཐོག་འཇོག་རྒྱུ་ཡིན་ཞིང་། གཤམ་གསལ་གྱི་བྱེད་སྤྱོད་རིགས་ཡོད་མཁན་ཡུལ་སྐོར་དྲ་ཚུགས་ལ་ཐག་གཅོད་བྱ་རྒྱུ་སྟེ། དོན་དངོས་རྫུན་བཟོ་དང་། མཛེས་ལྗོངས་ས་ཚིགས་དང་མགྲོན་ཁང་གི་ཚད་གཞི་སོགས་གསལ་པོ་མེད་པ་དང་རྫུན་བཟོ། སྔོན་མངགས་ཆ་འཕྲིན་རྫུས་མ་དང་། ཁ་ཆད་ལྟར་འཛད་སྤྱོད་མངགས་ཉོ་ཕྱིར་འཐེན་མི་བྱེད་པ། སྔོན་མངགས་ཞབས་ཞུར་འགལ་བ་ཐོན་པ། ཁ་བསླུས་ཆ་འཕྲིན་བཏང་ནས་རྒྱུ་ནོར་གཡོ་ལེན་བྱེད་པ། ངན་སེམས་བཅངས་ནས་སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་གསང་དོན་ཕྱིར་བསྒྲགས་བྱེད་པ། སྒེར་གྱི་གསང་སྲུང་ལ་གནོད་འཚེ་གཏོང་བ། རྒྱན་འགྱེད་དང་ཆགས་སྲེད་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་ཆ་འཕྲིན་ནང་དོན་ཡོངས་བསྒྲགས་བྱེད་པ། སྤྱོད་མཁན་གྱི་ཐེར་འདོན་ལས་སྟེགས་སྐྲུན་མེད་པ། ཞུ་གཏུག་ཆ་འཕྲིན་ཐག་གཅོད་མི་བྱེད་པ། སྤྱོད་མཁན་གྱི་སྒྲིག་འགལ་དང་ཁ་དན་ཚིག་གནས་མི་བྱེད་པའི་བྱེད་སྤྱོད་ལ་དྲ་ཚུགས་ཀྱིས་དང་ལེན་དང་རྒྱ་ཡན་དུ་གཏོང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།