དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ལྷ་སས་དགུན་དུས་ཀྱི་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག་གཏོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-11-12

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་10ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར། ལྷ་སས་དགུན་དུས་ཡུལ་སྐོར་གྱི་འབྲེལ་ཡོད་འཆར་གཞི་བཟོ་བཞིན་པ་དང“ཉི་འོད”དང་། “སྐར་ཚོགས” “དགུན་སྒྲོལ་དུས་བྱ” “གངས་རི་ཆུ་ཚན”སོགས་དགུན་དུས་ཀྱི་རང་བྱུང་དང་རིག་གནས་ཁོར་ཡུག་ལྟེ་བ་བྱས་ཏེ། ཁྱད་ལྡན་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག་གཏོད་ནས་ཡུལ་སྐོར་བར་གངས་ལྗོངས་ས་མཐོའི་དགུན་དུས་ཀྱི་མཚར་སྡུག་མྱོང་བའི་གོ་སྐབས་སྦྱིན་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཁྲོམ་ར་ཁོའོ་ཡི་ཁོའོ་ཀྲང་ཆུང་བདག་གིས“ལྷ་སའི་གྲོང་ཁུལ་རྙིང་པ་ནི་སོལ་དལ་བག་ཕེབས་ཀྱི་གནས་ཤིག་ཡིན” “ང་ཚོས་གྲོང་ཁུལ་རྙིང་པའི་ཁྱད་ལྡན་ཚོང་ཁང་ཆུང་ཆུང་ལ་བརྟེན་ནས‘ཉི་འོད་སྒོ་ར’གཏོད་དེ་ཉི་མ་སྲོ་བ་དང་། ཇ་མངར་པོ་འཐུང་བ། ཐང་ག་བཞེངས་པ་སོགས་མི་རིགས་ཀྱི་ཁྱད་ལྡན་སོས་དལ་བྱེད་སྒོ་ཟུང་དུ་འབྲེལ་རྒྱུ་ཡིན”ཞེས་བཤད། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སས་ད་དུང་ཕུན་སུམ་ཚོགས་པའི་ཉི་ནུས་ཐོན་ཁུངས་བེད་སྤྱད་དེ། ཉི་འོད་གསོལ་འདེབས་བུམ་པ་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་གཏོང་རྒྱུ་རེད།

    ཆུང་བདག་གིས་དགུན་ཁར་བོད་ལྗོངས་སུ་བོད་ཀྱི་ལོ་གསར་དང་དགའ་ལྡན་ལྔ་མཆོད་སོགས་སྲོལ་རྒྱུན་དུས་ཆེན་ཡོད་རུང་། འཐུས་སྒོ་ཚང་བའི་དགུན་དུས་ཀྱི་ཡུལ་སྐོར་སྣེ་ལེན་མ་ལག་ཅིག་ཏུ་འགྱུར་མེད་ཅིང་། སླད་ཕྱིན་ལྷ་ས་གྲོང་ཁྱེར་གྱིས་གྲོང་མིའི་མགྲོན་ཁང་འཛུགས་སྐྲུན་དང་ཟུང་འབྲེལ་གྱིས་ཡུལ་སྐོར་བར་དམངས་སྲོལ་མྱོང་རོལ་གྱི་ཡུལ་སྐོར་བྱེད་སྟངས་ཤིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

    གཞན་ཡང་ལྷ་སས་ད་དུང་ཡངས་པ་ཅན་ཆུ་ཚན་དང་། རུ་ཐོག་ཆུ་ཚན། གཏེར་སྒྲོམ་ཆུ་ཚན། ཆུ་བཟང་ཆུ་ཚན་བཅས་ལས་གྲུབ་པའི་ཆུ་ཚན་ལྟ་སྐོར་ལམ་ཐིག་གཏོད་རྒྱུ་དང་། རྫོང་རྒྱབ་ཀླུ་ཁང་དང་། ལྷ་ཀླུའི་འདམ་ར། འཕན་པོ་ལུང་ཤུར་གྱི་ལྷུན་གྲུབ་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་བཅས་གཅིག་ཏུ་འབྲེལ་བའི“འདམ་རར་རྒྱང་ལྟ་བྱེད”ཅེས་པའི་དགུན་དུས་ཀྱི་བྱ་བྱེའུ་ལ་ལྟ་བའི་ཡུལ་སྐོར་ལམ་ཐིག་གཏོད་རྒྱུ། དེ་བཞིན་གནམ་མཚོ་དང་། འབྲས་སྤུངས་དགོན། ཡངས་པ་ཅན་སོགས་ཀྱི་ས་ཆར་སྐར་མ་ལྟ་བའི་ཡུལ་སྐོར་ལམ་ཐིག་གཏོད་རྒྱུ་རེད། བྱ་གཟིགས་སྒང་དང་། སྐར་ལྟའི་སྒར། འབྲེལ་ཡོད་ཟ་སྡོད་སྒྲིག་བཀོད་བཅས་ད་ལྟ་འཆར་འགོད་བྱས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

    ཆུང་བདག་གིས་དགུན་དུས་ཀྱི་ལྷ་སར་དབྱར་ཁ་དང་མི་འདྲ་བའི་ཡུལ་ལྗོངས་ཤིག་ཡོད། ཞག་སྡོད་དང་ཡུལ་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ཡང་དམའ་བས་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་མ་ཐུབ་པའི་ཡུལ་སྐོར་བས་དགུན་ཁའི་དུས་ཚིགས་བདམས་ནས་ཡུལ་སྐོར་བྱེད་ཆོག་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།