མི་དམངས་དྲ་བའི་འཕྲིན། ཟླ་10པའི་ཟླ་སྨད་དུ་སི་ཁྲོན་ཞིང་ཆེན་ཁོངས་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཡུལ་གྱི་ལྕགས་ཟམ་རྫོང་ནས་དར་རྩེ་མདོ་གྲོང་ཁྱེར་བར་གྱི་ལམ་མཚམས་ལས་ཡུལ་དུ་ལམ་བཟོའི་ལས་ལ་བྲེལ་བའི་རྣམ་པས་ཁེངས་ཤིང་། མྱུར་བགྲོད་གཞུང་ལམ་དེ་འཛུགས་སྐྲུན་བྱེད་པར་གནད་འགག་ཆེ་བའི་དུས་སྐབས་སུ་སླེབས་ཡོད་པ་དང་། ལམ་བཟོ་ལས་ཡུལ་རྒྱུད་དུ་ལོ་གཅིག་ནང་གི་ཡུལ་ལྗོངས་ཤིན་ཏུ་མཛེས་པའི་དུས་ཀྱང་ཤར་ཡོད་པས། ལམ་བཟོའི་ལས་ཡུལ་དང་གཡང་གཟར་བྲག་རིའི་སྟེང་ལས་ལ་བྲེལ་བའི་རྣམ་པ་དང་སྟོན་ཁའི་མཛེས་ལྗོངས་དག་རྔམ་བརྗིད་ཆེ་ཞིང་མཛེས་སྡུག་ལྡན་པའི་མཛེས་རིས་རབ་དང་རིམ་པ་གྲུབ་པ་རེད།