དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2016-10-27

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྤེན་པ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ཆེན་པོའི་དག་ཐེར་དང་རྩིས་སྤྲོད་རྩིས་ལེན་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་ཡུལ་སྐོར་ཞབས་ཞུ་ཚད་ལྡན་དུ་གཏོང་བར་གཅིག་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་པ་ནས་འགོ་བཙུགས་ཏེ་ཡུལ་སྐོར་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ཆེན་པོའི་བྱང་འགེལ་སྒྲུབ་སྐུལ་གནད་དོན་ལ་ལྟ་སྟངས་ནན་པོ་འཛིན་པ་དང་དག་ཐེར་གནད་ལ་འཁེལ་བ་བྱེད་དགོས་པ་དང་། གཉིས་ནས་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཡུལ་སྐོར་ཞབས་ཞུའི་ས་གནས་ཚད་གཞི་དང་སྡེ་ཚན་གྱི་སྒྲིག་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ལ་ཁྲིམས་ལུགས་ཡོད་པ་དང་། རང་སྐྱོང་ལྗོངས་ལ་སྲོལ་ཡིག་ཡོད་པ། སྡེ་ཚན་ལ་སྒྲིག་སྲོལ་ཡོད་པ། ལས་རིགས་ལ་ཚད་གཞི་ཡོད་པ་བཅས་ཀྱི་ཡུལ་སྐོར་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་པར་བྱེད་པ། ལམ་ལུགས་ལ་བརྟེན་ནས་ལས་ཞུགས་མི་སྣ་གསོ་སྦྱོང་བྱེད་པ་དང་། ལམ་ལུགས་ལ་བརྟེན་ནས་ཁེ་ལས་ལ་དཔྱད་ཞིབ་བྱེད་པ། ལམ་ལུགས་ལ་བརྟེན་ནས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་པ་བཅས་ཀྱི་ཐོག་ནས་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་དང་། ཁྲིམས་འཛིན་ནན་པོ་བྱེད་ཐུབ་པ། ཁྲིམས་དང་འགལ་རིགས་རྩད་གཅོད་མཐར་ཕྱིན་ཐུབ་པ་བཅས་བྱེད་དགོས། གསུམ་ནས་དཔྱད་ཞིབ་དང་རིམ་པ་གཏན་འཁེལ་ནན་པོ་བྱེད་དགོས་ཤིང་། འཆར་ཅན་གྱི་ལྟ་སྐུལ་དོ་དམ་དང་། ཞུ་གཏུག་ཐེར་འདོན། ཁྲིམས་འཛིན་ཞིབ་བཤེར། དག་ཐེར་དང་རྩིས་སྤྲོད་རྩིས་ལེན་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ། མགོ་མཇུག་གཉིས་ལ་དམ་འཛིན་དང་དཀྱིལ་ལ་ཁྲིད་སྟོན་བྱས་པ་བརྒྱུད་ཡུལ་སྐོར་ཁེ་ལས་ལ་དཔྱད་ཞིབ་གཏན་འཁེལ་དང་ཚད་ལོན་པའི་ཁེ་ལས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ནས་ཡུལ་སྐོར་ཁྲོམ་ར་རྒྱུན་ཆད་མེད་པར་གཙང་དུ་དང་ཚད་ལྡན་དུ་གཏོང་དགོས། བཞི་ནས་དག་ཐེར་དང་རྩིས་སྤྲོད་རྩིས་ལེན་ལ་མགོ་ཡོད་མཇུག་ཡོད་ཀྱི་སྒོ་ནས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཚད་མཐོའི་མཐོང་ཆེན་དང་། གཙོ་གནད་འབུར་ཐོན། རྩིས་སྤྲོད་རྩིས་ལེན་ཡག་པོ་བཅས་བྱས་ནས་ཕན་འབྲས་ངོ་མ་ཐོན་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།