ལྷ་ཉིང་ལྕགས་ལམ་གྱི་ཨར་ལས་མི་སྣས་གྱང་སྟེང་ལ་འདམ་ཞོ་བཤོ་བཞིན་པ།
རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་ནང་ཁྲོན་བོད་ལྕགས་ལམ་དེ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞིའི་གཙོ་གནད་རྣམ་གྲངས་ནང་བཅུག་ཡོད། དེའི་ནང་ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་བུ་དེ་སྤྱི་ལོ ༢༠༡༤ ལོའི་ཟླ་བ ༡༢ པར་སྐྲུན་འགོ་ཚུགས་པ་ནས་བཟུང་། ཨར་ལས་མི་སྣས་ས་གཤིས་རྙོག་འཛིང་ཆེ་བ་དང་གསོ་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་དུམ་བུ་དེའི་ལྕགས་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ད་ལྟ། སྟོན་མཇུག་གི་ནམ་དུས་སུ་སླེབས་པས་དྲོད་ཚད་དམའ་བ་སོགས་མི་ལེགས་པའི་ཆ་རྐྱེན་མང་དུ་ཕྱིན་ཡོད་ཀྱང་ཨར་ལས་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ངང་ལེགས་སྒྲུབ་བྱེད་བཞིན་ཡོད། །