དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བྱང་རྩྭ་ཐང་དུ་ཞང་ཞུང་རིག་གནས་ཡུལ་སྐོར་གྱི་བར་ཁྱམས་ཧུར་ཐག་གཏོད་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-10-10

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ནག་ཆུའི་ལོ་ལྔའི་རིང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་བྱས་ཤིང་། སྲོང་བཙན་སྒམ་པོས་བོད་གཅིག་གྱུར་མ་བྱས་གོང་གི་གནའ་བོའི་ཞང་ཞུང་ཤེས་དཔལ་ཁྱབ་ཚུལ་ཁུལ་གལ་ཆེན་ཡིན་པའི་ནག་ཆུས་ཞང་ཞུང་རིག་གནས་ཀྱི་ཡུལ་སྐོར་བར་ཁྱམས་གཏོད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2011ལོ་ནས་བཟུང་ནག་ཆུ་ཡུལ་སྐོར་ལས་དོན་འཕེལ་རྒྱས་ཨུ་ལྷན་སོགས་སྲིད་གཞུང་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ནས་ནག་ཆུའི་རྫོང་11དང་མངའ་རིས་དང་ཆབ་མདོའི་རྫོང་ཁག་གཅིག་ལ་བཅར་འདྲི་བྱས་པ་དང་ལམ་ཐག་སྤྱི་ལེ་ཁྲི་ཡི་སར་སྐྱོད་ནས་ནག་ཆུའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་ཡོངས་ཁྱབ་ཞིབ་བཤེར་བྱས་པ་རེད།

    ཡུལ་སྐོར་གྱི་ཡོངས་ཁྱབ་ཞིབ་བཤེར་བྱས་འབྲས་དེ་དག་དེབ་དང་། གློག་བརྙན། བརྙན་འཕྲིན་སོགས་ཀྱི་ཐབས་ལ་བརྟེན་ནས་འགྲེམས་སྤེལ་བྱས་པ་དེའི་ནང་བརྙན་འཕྲིན་གྱི་དངོས་པར་གློག་བརྙན《རྒྱང་རིང་གི་ཞང་ཞུང》དང་། 《གནས་རི་ལྷ་མཚོའི་ཁྲོད་གནས་པའི་ཤེས་དཔལ》《གནའ་བོའི་ཤེས་དཔལ་འཚོལ་ཞིབ》བཅས་དང་བརྙན་འཕྲིན་ཡུལ་སྐོར་དྲིལ་བསྒྲགས་གློག་བརྙན་དང་དེ་བཞིན《བྱང་ཐང་གི་ཉམས་འགྱུར》དང་། 《བོད་བྱང་ཐང་གི་ངོ་མཚར་ཡུལ་ཁམས》《གནམ་མཚོའི་འགྲམ་གྱི་སྐྱས་སྤོས་འབྲོག་པའི་རིག་གནས》སོགས་བརྙན་དེབ་སྣ་ཚོགས་ཚུད་ཡོད་པ་རེད།

    ནག་ཆུ་ས་ཁུལ་ཡུལ་སྐོར་ལས་དོན་འཕེལ་རྒྱས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཞི་བདེས་ནག་ཆུས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྲུབ་འབྲས་ཕྱོགས་བསྒྲིགས་པར་བསྐྲུན་བྱས་ནས་བྱང་རྩྭ་ཐང་དུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན། སླད་ཕྱིན་ནག་ཆུས་ཡུལ་སྐོར་ཐོན་ལས་དེ་རང་བྱུང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱ་རྒྱུ་གཙོ་བོར་བྱས་པའི་ད་ལྟའི་རྣམ་པར་ནུས་ཤུགས་ཡོད་རྒུས་འགྱུར་ལྡོག་བཏང་ནས་བྱང་ཐང་གི་རིག་གནས་དང་ལོ་རྒྱུས་ཀྱི་ཡུལ་སྐོར་ལམ་ཐིག་སྤུས་དག་ཅིག་གཏོད་དེ་ནག་ཆུའི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་གྱིས་བྱང་རྩྭ་ཐང་ནི་གནའ་བོའི་ཞང་ཞུང་གི་ཤེས་དཔལ་ཁྱབ་ཡུལ་གལ་ཆེན་ཞིག་རེད། རྟོག་ཞིབ་བྱེད་རིང་རིགས་གཅིག་མཁས་ཅན་ཚོས་ཞང་ཞུང་གི་ཤེས་དཔལ་གནའ་ཤུལ་འབོར་ཆེན་ཤེས་རྟོགས་བྱུང་བ་དཔེར་ན། ཉི་མ་རྫོང་གི་དྭངས་ར་གཡུ་མཚོའི་འགྲམ་ནས་ཐོན་པའི་མཁར་རྫོང་གི་གནའ་ཤུལ་དང་གནའ་བོའི་ཞང་ཞུང་གི་བྲག་བརྐོས་རི་མོ་སོགས་ལྟ་བུའང་རིག་གཞུང་བགྲོ་གླེང་ཁྲོད་ཀྱི་རྩ་ཆེའི་དཔྱད་གཞི་ཞིག་ཀྱང་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།