མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྕགས་ལམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་43.66བཏང་ཟིན་ནས་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་60གཏོང་བའི་འཆར་གཞི་ནས་72.76%བཏང་ཟིན་ཡོད།
ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་430ཡོད་པའི་ནང་གསར་སྐྲུན་བྱས་པའི་ལམ་ཐིག་གི་རིང་ཚད་སྤྱི་ལེ་402ཟིན་པ་དང་། ལྕགས་ལམ་དེ་ལམ་ཐིག་རྐྱང་པའི་རིམ་པ་དང་པོའི་རྒྱལ་ལམ་ཡིན་པ། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160ལ་ཇུས་འགོད་བྱས་པ། ཟོག་འདྲེན་ནུས་པ་ཏུན་ཁྲི་1000ལ་འཆར་འགོད་བྱས་ཡོད། ལམ་ཐིག་ཧྲིལ་པོར་གོང་དཀར་དང་། གྲ་ནང་། རྩེད་ཐང་། ཟངས་རི། རྒྱ་ཚ། སྣང་རྫོང་། སྨན་གླིང་། ཉི་གཞོན། ཉིང་ཁྲི་བཅས་མེ་འཁོར་བབས་ཚུགས་9དང་ལམ་སྐྱོང་མཉམ་སྲུང་གི་ཆ་ལག་ཚང་བའི་སྒྲིག་བཀོད་གསར་སྐྲུན་བྱ་རྒྱུ་དང་ཨར་སྐྲུན་དུས་ཡུན་2014ལོ་ནས་2021ལོ་བར་ལོ་བདུན་རེད།