དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་རིག་གནས་ཀྱི་མིང་བྱང་གི་སྙན་གྲགས་སྔར་བས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-13

    བོད་ལྗོངས་འགྲེམས་ཚོགས་ཀྱི་མིང་ཤོག་བཏོད་པ་དེ་ནི་ཡུལ་སྐོར་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་རྫས་ལེགས་ཆ་དང་། ཁྲོམ་རའི་ལེགས་ཆ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཕན་བཅས་ལ་གཞན་སྒྱུར་བྱ་ཆེད་ཇུས་འགོད་ཞིབ་ཚགས་བྱས་པའི་བོད་ཀྱི་ཁྱད་ཆོས་དང་མཐུན་པ་དང་དུས་རབས་ཀྱི་དགོས་མཁོ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན།

    ཚང་མས་ཤེས་གསལ་ལྟར་བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་རང་ལྗོངས་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པ་མ་ཟད། བོད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་གྲུབ་ཆའི་འཐབ་ཇུས་རང་བཞིན་ལེགས་སྒྲིག་བྱེད་པ། རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ་བཅས་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

    སྐད་གྲགས་ཆོད་ཚད་སྔར་བས་མཐོ་རུ་གཏོང་ཆེད་བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པས་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”ལག་ལེན་བསྟར་བའི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་པོ་བྱས་པ་དང་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་དམ་པོར་དམིགས་ཏེ་བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོའི“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་བྱ་གཙོ་བོ་ཟབ་ཏུ་དང་རྒྱ་ཆེར་བཏང་ཡོད། བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོ་དང་བསྡུར་ན་བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པ་རྒྱལ་སྤྱི་དང་སྔར་བས་འབྲེལ་མཐུད་བྱས་པ་དང་རྒྱལ་སྤྱི་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་སོང་ནས་ལག་གདང་སྦྲེལ་ཏེ“རྒྱུད་གཅིག་ལམ་གཅིག”ཁྲོད་མཉམ་བསྲེས་བྱེད་པ་དང་རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བའི་རྒྱལ་སྤྱིའི་བགྲོད་ལམ་ཆེ་མོ་གཏོད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཐོག་རྒྱལ་ནང་དང་ཕྱི་ཕྱོགས་ཚོང་དོན་རིག་གནས་མཉམ་ལས་སྤེལ་རེས་བྱེད་ཚད་སྔར་བས་རྒྱ་ཆེར་ཕྱིན་པ་དང“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཐུབ་པ་རེད།

    བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པ་གཉེར་བ་དང་སྦྲགས་བོད་ཀྱིས་སྔར་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ཡུལ་སྐོར་བ་དེར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡོད། འདི་ལོ་བོད་ཀྱིས་རྒྱལ་ཁབ་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྐམ་སའི་བགྲོད་ལམ་ཆེ་མོ་འཛུགས་སྐྲུན་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་དེ་བས་སྒོ་དབྱེ་དང་ཁོང་ཡངས་ཀྱི་བསམ་པའི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོར་བསུ་བ་ཞུས་ཐོག་བོད་ཀྱི་ལེགས་ལྡན་ཡུལ་སྐོར་ཐོན་ཁུངས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་མཚམས་སྦྱོར་བྱས་ཐོག་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ་གལ་ཆེན་དང་འཛམ་གླིང་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་བསྐྲུན་རྒྱུ་རེད། དེ་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་ལས་དོན་ཐད་ཚད་མཐོའི་མཐོང་ཆེན་གནང་བའི་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གོ་སྐབས་ནི་ཐོབ་སླ་བ་ཞིག་མིན་པའི་བསམ་པ་དང་འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས་བོད་ལྗོངས་འགྲེམས་ཚོགས་ཀྱི་བྱེད་སྒོའི་ནང་དོན་དང་རྣམ་པ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་གསར་གཏོད་བྱས་ཏེ་ཡུལ་སྐོར་རིག་གནས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་གི་ཡོད་པ་ར་སྤྲོད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།