དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀ་རྟེན་ཐོན་ལས་སུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-08

    ཉིན་ཤས་གོང་། གསར་འགོད་པར་བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ཡུལ་སྐོར་ཐོན་ལས་འདི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་རིམ་རྩིས་བྱས་ན། ཡུལ་སྐོར་བ་མི་ཐེངས་ཁྲི་1172.98ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་162.66བྱུང་ཡོད།

    2015ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རིགས་ཁག་གི་ཡུལ་སྐོར་ཁེ་ལས་2000ཙམ་ཡོད་པ་དང་། ལས་རིགས་ཚང་མའི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་200ཟིན་གྱི་ཡོད། ཡུལ་སྐོར་གྱི་དཔལ་འབྱོར་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་32ཟིན་པའི་ནང་ཞིང་འབྲོག་པ་ཁྲི་9.7ལྷག་ཙམ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་6789.88ལ་སྣེ་ལེན་ཞུས་ནས་ལོར་ཆ་སྙོམས་འཕར་ཚད་23.4%ཟིན་ཡོད། ཡུལ་སྐོར་ཐད་ཁྱོན་བསྡོམས་ཡོང་འབབ་སྒོར་དུང་ཕྱུར་874.64བྱུང་ནས་ལོར་ཆ་སྙོམས་འཕར་ཚད་30.5%ཟིན་ཡོད།

    འགན་འཁུར་བས་གསར་འགོད་པར“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་རང་ལྗོངས་ཀྱིས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལ་སྣེ་ལེན་ཞུ་བ་དང་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་550ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།