དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གནམ་མཚོའི་རྐང་ཐང་ཚོགས་ཆེན་གྱི་རྡོག་ཐོན་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-07

    ཚེས་2ཉིན་གྱི་སྔ་དྲོ་2016ལོའི་སྐབས་བཅུ་པའི་གནམ་མཚོའི་རྐང་ཐང་ཚོགས་ཆེན་གྱི་རྡོག་ཐོན་མཛད་སྒོ་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་པད་མ་ཐང་ཆེན་དུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རྐང་ཐང་ཚོགས་ཆེན་གྱིས་ཡུལ་སྐོར་རིག་གནས་ཁྱབ་གདལ་གཏོང་རྒྱུ་དང་བོད་ཀྱི་དམངས་སྲོལ་ཉམས་ལེན་བྱ་རྒྱུར་མཐོང་ཆེན་བྱས་ཏེ་དེ་སྔོན་གྱི་བྱེད་སྒོའི་རྨང་གཞིའི་ཐོག་ལྷ་སའི་གྲགས་ཅན་ཡུལ་ལྗོངས་ས་ཚིགས་ལ་ལྟ་སྐོར་བྱ་རྒྱུ་དང་ཞོ་སྟོན་གྱི་རྣམ་པ་ཉམས་སུ་མྱོང་རྒྱུའི་དུས་ཚོད་ཉིན་གཅིག་ནས་གཉིས་བར་བསྣན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བསྟན་འཛིན་ཆོས་གྲགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཞོ་སྟོན་རིང་གི་བྱེད་སྒོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་རྒྱས་འཛོམས་ཤིག་ཀྱང་ཡིན་པའི་གནམ་མཚོའི་རྐང་ཐང་ཚོགས་ཆེན་འཚོགས་པའི་དམིགས་ཡུལ་ནི་ལྷ་སའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་རིག་གནས་ཀྱི་ནང་གནས་ཀྱི་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཁྱབ་གདལ་གཏོང་བ་དང་། ཞོ་སྟོན་གྱི་སྤུས་རྟགས་ནུས་པ་ཆེ་རུ་གཏོང་བ། ཡུལ་སྐོར་དང་རིག་གནས་མཉམ་འདྲེས་ཟབ་མོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་སྐྱིད་ལྡན་པའི་ལྷ་ས་མི་སྔར་བས་མང་པོར་ཤེས་རྟོགས་ཡོང་བ་བྱ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།