དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་ཞབས་ཞུའི་ལས་ལ་བརྩོན། འབྱོར་ཕྱུག་འཚོ་བ་ལོངས་སུ་སྤྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-03

    311656_yis_1470904390579_s.jpg

     འདི་ནི་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོའི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་དང་ཚན་རྩལ་ཕྱུག་འགྱུར་སྣེ་ཁྲིད་པ་པ་སངས་ཀྱིས་མང་ཚོགས་ལ་མོག་རོ་འདེབས་སྟངས་སློབ་པའི་གནས་ཚུལ་ཡིན་པ།

    གནམ་གཤིས་ཡག་པ་དང་ཡུལ་ལྗོངས་ལྟ་ན་སྡུག་པའི་ཉིང་ཁྲིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་གོ་སྐབས་དང་བསྟུན་ནས་ས་གནས་དེ་གའི་མི་སེར་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པ་བྱས་ཡོད།

    ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་དབུལ་སྐྱོར་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས། དེ་མང་ཚོགས་དབུལ་པོའི་དབུལ་ཞྭ་ཕུད་པ་དང་ཕྱུག་འགྱུར་ལམ་བུར་སྐྱོད་པའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད།

    མགྲོན་པོ་ཁྱིམ་དུ་བསུས། ཕྱུག་འགྱུར་ལམ་བུ་བཏོད།

    གྲོང་གསེབ་ཡུལ་སྐོར་ལས་རིགས་ཀྱི་སྐོར་གླེང་སྐབས་སྤོ་བོ་རྫོང་རྒུ་ཤང་རྦ་ཁ་གྲོང་ཚོའི་གྲོང་མི་རིན་ཆེན་གྱིས་དགའ་ཚོར་ཆེན་པོས“ངའི་ཁྱིམ་ཚང་མགྲོན་ཁང་ལ་ནམ་དུས་ཚང་མར་ཚོང་ཡག་པོ་ཡོད། ལྷག་པར་དུ་ཡུལ་སྐོར་བྱེད་མང་བའི་དུས་སུ་དེ་བས་ཡག་པོ་ཡོད། ངས་དུད་ཚང་དབུལ་པོའི་མང་ཚོགས་17ལ་ལས་ཀ་བཀོད་སྒྲིག་བྱེད་དོན་ནི་ཕྱོགས་གཅིག་ནས་རང་ཉིད་ལ་དགོས་མཁོ་ཆེ་བ་དང་ཕྱོགས་གཞན་ཞིག་ནས་ཁོང་ཚོའི་ཡོང་འབབ་མང་དུ་གཏོང་ཆེད་ཡིན། 2010ལོའི་ཁང་མིག་4དང་ཉལ་ཁྲི་14ནས་ད་ཆའི་ཁང་མིག་36དང་ཉལ་ཁྲི་91བར་འཕེལ་རྒྱས་ཕྱིན་སོང་། གྲོང་གསེབ་ཡུལ་སྐོར་ལས་རིགས་ལས་ང་ཚོར་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡག་པོ་རྙེད་བྱུང”ཞེས་བཤད། རིན་ཆེན་གྱི་ཁྱིམ་ཚང་མགྲོན་ཁང་ནི་ཉིང་ཁྲིའི་ཁྱིམ་ཚང་མགྲོན་ཁང་མང་དག་ཁྲོད་ཀྱི་དཔེ་མཚོན་ཙམ་རེད། ཁོང་ཚོས་སྲིད་ཇུས་ཀྱི་རོགས་སྐྱོར་དང་། སེམས་རྩ་འཁོལ་བའི་ཞབས་ཞུ། འབད་འབུང་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡུལ་སྐོར་ཅུས་བཅས་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་མིག་སྔའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་དང་འབྲེལ་མཐུད་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱལ་ལ་སྐུལ་ཁྲིད་ཧུར་ཐག་བྱས་པ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་ཐབས་ལམ་བཙལ་བ་རེད།

    མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་ལ་ཞིང་འབྲོག་པའི་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་394དང་ཉལ་ཁྲི་6322ཡོད་པ་དང་ཁྱིམ་ཚང་མགྲོན་ཁང་གི་ལས་གཉེར་མི་གྲངས་660ལྷག་ཙམ་ཡོད། དེས་མ་ཚད་སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་145བཏོད་པ་དང་སྣེ་ལེན་ཐུབ་པའི་སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་གི་ཉལ་ཁང་866ལ་ཉལ་ཁྲི་2380ཡོད་ཁར། ལོ་ཧྲིལ་པོར་མི་ཐེངས་ཁྲི་182ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་ཞིང་འབྲོག་པས་ཡུལ་སྐོར་སྐྱེལ་འདྲེན་བྱེད་པ་དང་། རྟ་དང་ཀོང་པོའི་རྒྱན་གོས་བོགས་མར་གཏོང་བ། ཁྱད་ལྡན་ཡུལ་ཟོག་དང་དྲན་རྟེན་ཚོང་ཟོག་བྲིན་ཚོང་བྱེད་པ་སོགས་བརྒྱུད་འབྱོར་ཕྱུག་ལམ་དུ་བསྐྱོད་ཐུབ་པ་རེད།

    ཁྱད་ཆོས་མངོན་གསལ་དོད། ཕུགས་ཕན་ཐབས་ལམ་བཏོད།

    ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཡུལ་སྐོར་དབུལ་སྐྱོར་དམངས་ཕྱུག་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་ས་དང་དམངས་ཕྱུག་ཐོན་ལས་དང་དམངས་ཕན་ཐོན་ལས་ལ་བརྩིས་ནས། ལོ་ལྟར་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ཐོག་བཞག་ནས་བཀོད་སྒྲིག་བྱས་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་ཚོགས་པ་ཡུལ་སྐོར་ཁྱད་ལྡན་གྲོང་ཚོར་བརྟག་ཞིབ་བྱེད་པར་སྒྲིག་འཛུགས་ཐེངས་མང་བྱས་པ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་བཟོས་ཏེ་ཡུལ་སྐོར་དབུལ་སྐྱོར་བྱ་རྒྱུ་དེ་དབུལ་སྐྱོར་འགག་སྒྲོལ་གྱི་སྤྱིའི་འཆར་འགོད་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ཡོད། དེ་དང་དུས་མཚུངས་ཁྱད་ལྡན་ཡུལ་སྐོར་དུས་ཆེན་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་བྱ་རྒྱུར་དམིགས་ཏེ་ཡུལ་སྐོར་ཐོན་ལས་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་དབུལ་སྐྱོར་དམངས་ཕྱུག་འཕེལ་རྒྱས་གཏོང་རྒྱུ་དང་མཉམ་འདྲེས་བྱས་ཡོད་པ་རེད། མང་ཚོགས་ཚོར་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་པ་ལས་བྱུང་བའི་ཕན་པ་སྔར་བས་འདྲ་མཉམ་ངང་ལོངས་སྤྱོད་བྱ་ཆེད། ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚོང་ཟོག་ཙག་ཙིག་ཁྲོམ་བཀྱག་200གཅིག་གྱུར་བཟོས་ནས་རིན་མེད་ངང་ས་གནས་དེ་གའི་མང་ཚོགས་ཚོར་མཁོ་འདོན་བྱས་ཤིང་། གྲོག་རོང་ཆེན་པོ་དང་གནས་ཡུལ་གྲོག་རོང་གི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་ནས་འགྲོ་གྲོན་ཆེད་མངགས་བཏོན་ཏེ། “ཡུལ་སྐོར་དམངས་ཕན་མ་དངུལ”སྒྲིག་གཞི་འཛུགས་དགོས་པའི་རེ་བ་བཏོན་པ་རེད། མིག་སྔའི་བར། རིམ་རྩིས་བྱས་ན་ཕད་གྲོང་རྡལ་དང་གནས་ཡུལ་ཤང་གི་མང་ཚོཌ་ལ་ཡུལ་སྐོར་དམངས་ཕན་མ་དངུལ་སྒོར་ཁྲི་1662སྤྲད་ནས་མང་ཚོཌ་དུད་ཚང་688ཀྱི་མི་2760ལ་ཕན་པ་ཐོབ་པ་རེད།

    ཐབས་ཤེས་སྣ་མང་སྤྱད། ཡུལ་སྐོར་འཕེལ་རྒྱས་སོང་།

    ཉིང་ཁྲི་གྲོང་ཁྱེར་གྱིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་780གྲོང་གསེབ་ཡུལ་སྐོར་ལས་རིགས་དང་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་རྒྱུར་སྤྱད་ཡོད། གྲོང་གསེབ་ཡུལ་སྐོར་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དེང་རབས་ཆ་འཕྲིན་ལག་རྩལ་བྱེད་ཐབས་སྤྱོད་པ། “གྲོང་གསེབ་ཡུལ་སྐོར་གྱི་ཐད་གཏོང་རླངས་འཁོར”དང“ཉིང་ཁྲིའི་ཞིམ་ཟས་ཐད་གཏོང་རླངས་འཁོར”སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རྣམ་གསར་པ་འཕེལ་རྒྱས་ཧུར་ཐག་བཏང་ནས་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་ཡུལ་སྐོར་གྱི་སྤྱི་པའི་ཞབས་འདེགས་ཞུས་པ་རེད།

    ཚད་ལྡན་དོ་དམ་མཐའ་འཁྱོངས་བྱས་ཤིང་། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་དང་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ལ་ཕན་པའི་སྲིས་ཇུས་དང་ཡིག་ཆ་བཏོན་ཏེ་ཁྱིམ་ཚང་མགྲོན་ཁང་གི་དོ་དམ་ལམ་སྲོལ་དང་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཉིང་ཁྲིའི་གྲོང་གསེབ་ཡུལ་སྐོར་ལས་རིགས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།