དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གིས། འབྲོག་པར་སྤྲོ་སྐྱིད་བྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-03

    313980_yis_1471493064255_s.jpg

    འདི་ནི་ཡུལ་སྐོར་བས་འདམ་གཞུང་རྫོང་གི་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།

    གནམ་མཚོ་གྲོང་ཚོ་ནི་འབྲོག་ལས་གྲོང་ཚོ་ཞིག་ཡིན་ཞིང་། དེ་སྔོན་འབྲོག་པའི་ཡོང་སྒོ་གཙོ་བོ་འབྲོག་ལས་ཁོ་ནར་བརྟེན་དགོས་ཀྱི་ཡོད། དགུན་ཁ་ཤར་མ་ཐག་གནམ་གཤིས་གྲང་བས་ཕྱུགས་ཟོག་འཁྱགས་ཤི་ཐེབས་ནས་འབྲོག་པར་གྱོང་གུན་མི་ཉུང་ཞིག་ཕོག་གི་ཡོད། རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། བོད་ཀྱི་ཡུལ་ལྗོངས་ཁུལ་གཙོ་བོ་ཞིག་ཡིན་པའི་གནམ་མཚོར་ཡུལ་སྐོར་བ་མང་པོ་ཞིག་ལྟད་མོར་བསྐྱོད་ཀྱི་ཡོད་པས། གནམ་མཚོར་བརྟེན་ནས་གནམ་མཚོ་གྲོང་ཚོར་ཚོང་ལས་ཀྱི་གོ་སྐབས་མང་པོ་རག་ཡོད།

    གནམ་མཚོ་གྲོང་ཚོའི་ཚེ་རིང་དངོས་གྲུབ་ཀྱི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གི་སྒོ་འཛུལ་སྐབས། གང་སར་བོད་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་ཞིང་། སྦྲ་གུར་གྱི་བཟོ་ལྟ་དང་། སྒྲོག་ཙེ་དང་རྐུབ་བཀྱག་གི་བརྐོས་རྒྱག་སྟངས། ཁང་པ་བཀོད་སྒྲིག་སོགས་ཚང་མ་ནས་བོད་རིགས་རིག་གནས་ཀྱི་ཉམས་འགྱུར་མངོན་བཞིན་འདུག ཚེ་རིང་དངོས་གྲུབ་ཀྱིས“དེ་སྔོན་ང་ཚོ་ཕྱུགས་འཚོ་དགོས་པས་སྡོད་ས་སྦྲ་གུ་མ་གཏོགས་མེད། དགུན་ཁ་གྲང་ཁར་ཆེ་བ་དང་དབྱར་ཁ་ཚ་བ་ཆེ་བ་མ་ཟད་ད་དུང་ཕྱུགས་ཟོག་དང་མཉམ་དུ་སྐྱས་སྤོ་དགོས་པས་ཧ་ཅང་བསུན་པོ་འདུག ད་ཆ་སྲིད་གཞུང་གིས་ང་ཚོར་གཞིས་ཆགས་སྡོད་ཁང་བརྒྱབ་པས། གང་སར་འགྲོ་མི་དགོས་པར་གནས་དེ་རང་དུ་སྡོད་ཆོག་ལ། ཆ་རྐྱེན་ཡང་དེ་སྔོན་ལས་ལེགས་སུ་ཕྱིན་སོང”ཞེས་བཤད་བྱུང་།

    ད་ཆ། གནམ་མཚོ་གྲོང་ཚོའི་འབྲོག་པ་མང་པོ་ཞིག་གིས་འབྲོག་ལས་གཉེར་བ་དང་དུས་མཚུངས། ཡུལ་སྐོར་ལས་རིགས་ཀྱང་གཉེར་ཞིང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལས་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་པ་ཁོ་ན་མ་ཡིན་པར། ད་དུང་ཁོང་ཚོའི་འཚོ་བའི་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད། ཡུལ་སྐོར་ལམ་ཐིག་རྒྱུད་ཀྱི་ཕྱོགས་བསྡུས་རྣམ་གྲངས་ལས་གྲྭ་ལག་བསྟར་བྱས་པས་འབྲོག་པ་ཐོག་གཅིག་མའི་ས་ཁང་པར་སྡོད་པའི་ལོ་རྒྱུས་མཇུག་འགྲིལ་ནས་ད་ཆ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཨར་འདམ་ཐོག་བརྩེགས་ཁང་པར་སྤོས་པ་དང་། ཡུལ་སྐོར་ལམ་ཐིག་རྒྱུད་དུ་གནས་མེད་པའི་འབྲོག་པ་ཡང་བདེ་སྡོད་ཁང་པར་སྤོས་པ་རེད།

    འདམ་གཞུང་རྫོང་གི་རྫོང་དཔོན་གཞོན་པ་ཚེ་རིང་བཟང་པོས“འདི་ལོ་ཚུན་དུ། འདམ་གཞུང་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེ་ཙམ་ལྡན་པའི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཁག་གཅིག་བཏོད་དེ། ཡུལ་སྐོར་རང་བྱུང་ཡུལ་ལྗོངས་ལ་ལྟ་སྐོར་བྱེད་པ་ནས་རིག་གནས་མྱོང་རོལ་བྱེད་པའི་བར་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་ཐབས་ལམ་གསར་པ་གཏོད་རོགས་བྱས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།