པར་①ནི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་འཁྲབ་སྟོན《མཛེས་པའི་གཞིས་རྩེ》ཞེས་པའི་འཁྲབ་སྟོན་ཆེ་གྲས་ལུས་རྩལ་ཐང་དུ་བྱེད་པའི་གནས་ཚུལ་ཡིན་པ།
པར་②ནི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཧྲང་ཧའེ་ཡི་ཆེད་དོན་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།
པར་③ནི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་། མེ་ཕུང་དགོང་ཚོགས་འཚོགས་པའི་གནས་ཚུལ་ཡིན་པ།
པར་④ནི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།
པར་⑤ནི་རིགས་གཅིག་མཁས་ཅན་ཚོས་ཐང་གའི་འགྲེམས་སྟོན་ལ་ལྟ་སྐོར་གནང་བའི་གནས་ཚུལ་ཡིན་པ།
པར་⑥ནི་གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོཌ་ཀྱིས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་ལྟ་བའི་གནས་ཚུལ་ཡིན་པ།
པར་⑦ནི་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་དང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱེད་པའི་གནས་ཚུལ་ཡིན་པ།
པར་⑧ནི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་གི་རིག་རྩལ་འཁྲབ་སྟོན་ནང་གཞིས་རྩེའི་ཁྱིམ་མཚེས་ཡིན་པའི་རྒྱ་གར་དང་། འབྲུག་ཡུལ། ནེ་པ་ལ་བཅས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་མཁན་གྱིས་འཁྲབ་སྟོན་བྱེད་པ།
པར་⑨ནི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་ཧྲང་ཧའེ་དང་། ཧྲན་ཏུང་། ཧེ་ལུང་ཅང་། ཅི་ལིན་བཅས་ཀྱི་གྲགས་ཅན་གཞས་པ་གཞས་མས་འཁྲབ་སྟོན་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
ཚེས་25ཉིན་གྱི་སྔ་དྲོ། གཞིས་རྩེ་གྲོང་ཁྱེར་གྱི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་གཞིས་རྩེའི་ཚོགས་ར་གཙོ་བོ་དང་ཧྲང་ཧའེ་བྱེད་སྒོའི་གཟའ་འཁོར་ཞེས་པ་གཉིས་སུ་ཕྱེ་ཡོད་པ་རེད། གཞིས་རྩེའི་ཚོགས་ར་གཙོ་བོ་ཟླ་8ཚེས་25ཉིན་འགོ་ཚོགས་རྒྱུ་དང་ཟླ་8ཚེས་31ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། བྱེད་སྒོ་སྤེལ་རིང་། བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་མོ་གསུམ་འཁྲབ་རྒྱུ། མཛེས་སྡུག་ལྡན་པའི་གཞིས་རྩེའི་རིམ་སྤེལ་འགྲེམས་སྟོན་བྱ་རྒྱུ། ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོག་རྒྱུ། རྫོང(ཆུས)18ཀྱི་བརྗོད་བྱ་གཙོ་བོའི་ཉིན་མོའི་རིག་རྩལ་འགྲེམ་འཁྲབ་བྱ་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་དང་དེ་བཞིན་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་བྱ་རྒྱུ། ཧྲང་ཧའེ་རིག་རྩལ་ཚོགས་པས་ཆེད་མངགས་འཁྲབ་སྟོན་བྱ་རྒྱུ་སོགས་རེད།
གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅེ་ཀྲང་ཡན་ཆིང་གིས་འདི་ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལྡན་ཡོད་དེ། ཧྲང་ཧའེ་དང་མཉམ་ལས་ཐེངས་དང་པོ་བྱས་ཏེ་གཞིས་རྩེས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་མཉམ་དུ་གཉེར་བའི་རྣམ་པ་གསར་པ་ཞིག་བཏོད་པ་དང་གཞིས་རྩེ་འཛུགས་སྐྲུན་དང་གཞིས་རྩེ་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ཞིག་བཏོད་ཡོད་ཅེས་ངོ་སྤྲོད་གནང་གི་འདུག
གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་མང་ཚོགས་ཀྱི་དགའ་པོ་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་གཞིས་རྩེའི་གཏིང་ཟབ་པའི་རིག་གནས་ཀྱི་བསྟན་དོན་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཕྱོགས་བཞིའི་སྐུ་མགྲོན་གྱི་སྤྱན་ལམ་དུ་བསྟར་ཡོད་ལ། གཞིས་རྩེའི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གཅིག་སྡུད་ཐོག་བསྟན་ཡོད་པ་མ་ཟད། གཞིས་རྩེའི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། ཤེས་དཔལ་ཡར་རྒྱས། ཡར་རྒྱས་བརྩོན་ལེན་བཅས་བྱས་པས། མི་རིགས་ཁག་གི་མི་དམངས་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་བྱུང་བའི་རྣམ་པ་གསར་པ་གཅིག་སྡུད་ཐོག་བསྟན་ཡོད་པ་རེད།