དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1172.98ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-08-31

    གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་བ་དང་པོ་ནས་བདུན་པ་བར་རིམ་རྩིས་བྱས་ན་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1172.98ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་162.66ཟིན་ཡོད།

    ད་ཆ། ཡུལ་སྐོར་ཐོན་ལས་དེ་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་དང་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་འགྱུར་ལྡོག་གསར་པ་དང་། འཚོ་བ་གསར་པ། འཕེལ་རྒྱས་གསར་པ་བཅས་ངོམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། 2015ལོའི་ལོ་མཇུག་བར། བོད་ཡོངས་སུ་རིགས་ཁག་གི་ཡུལ་སྐོར་ཁེ་ལས་2000ཙམ་དང་ལས་རིགས་ཧྲིལ་པོའི་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་200ཟིན་གྱི་ཡོད། ཡུལ་སྐོར་དཔལ་འབྱོར་ལས་ཞུགས་ཀྱི་སྤྱིའི་མི་གྲངས་ཁྲི་32ཟིན་པའི་ནང་ཞིང་འབྲོག་པ་ཁྲི་9.7ལྷག་ཙམ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རིམ་རྩིས་བྱས་ན་བོད་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་6789.88སྣེ་ལེན་ཞུས་པར་ལོར་ཆ་སྙོམས་23.4%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་874.64བྱུང་བར་ལོར་ཆ་སྙོམས་30.5%འཕར་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་550ཟིན་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད། ཡུལ་སྐོར་དཔལ་འབྱོར་ལས་ཞུགས་མི་གྲངས་ཁྲི་50ཟིན་པ་དང་། ཞིང་འབྲོག་པ་ཁྲི་19ཡུལ་སྐོར་ལས་རིགས་ནང་ཞུགས་པ། ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་པའི་ལོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་16000ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།