དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཆ་འཕྲིན་ཅན་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-29

    གྲོང་གསེབ་ཀྱི་ཡུལ་སྐོར་ཆ་འཕྲིན་ཅན་འཛུགས་གཏོད་ནི་འདི་ལོ་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ལས་དོན་གྱི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་། མིག་སྔར་སྒོར་ཁྲི་300ལ་ཉེ་བ་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཆ་འཕྲིན་ཅན་འཛུགས་གཏོད་ལ་སྐུལ་འདེད་བཏང་ཡོད་པ་རེད། གྲོང་གསེབ་ཡུལ་སྐོར་གྱི་གློག་རྡུལ་མིང་བྱང་མ་ལག་དང་། གྲོང་གསེབ་ཡུལ་སྐོར་གྱི་སྐུ་མགྲོན་ཞབས་ཞུའི་མ་ལག གྲོང་གསེབ་ཡུལ་སྐོར་གྱི་འགྲིམ་འགྲུལ་མ་ལག་སོགས་ཚན་རྩལ་ཆ་འཕྲིན་ཅན་ཞབས་ཞུའི་ཐབས་ལམ་སྤྱད་ཁར། རིན་མེད་ཀྱིwifi དང་Appཕབ་ལེན་དང་། འཕྲིན་ཐུང་། སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་རྣམ་པ་སྤྱད་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།

    ཉིང་ཁྲིར“སྤོ་བོ་མིང་བྱང”ཞེས་འབོད་ན་ངོ་མི་ཤེས་མཁན་ཧ་ལམ་མེད། ཉེ་དུས་ལོ་68ལ་སླེབས་པའི་སྤོ་བོས་དུས་རབས་ཀྱི་བགྲོད་དང་བསྟུན་ཏེ་སྐད་འཕྲིན་སྤྱོད་པ་དང་། གྲོགས་པོའི་ཚོགས་པར་ཞུགས་པ་མ་ཟད། ད་དུང་སྐད་འཕྲིན་གྱི་ཐོག་ནས་ཚོང་ཡང་རྒྱག་གི་ཡོད། གསར་འགོད་པས་བཀྲ་ཤིས་སྒང་གྲོང་ཚོར་དེང་རབས་ཀྱི་གོམས་སྲོལ་ལ་དང་དོད་ཆེ་བའི་སྤོ་བོ་དེར་བཅར་འདྲི་བྱེད་པར་བསྐྱོད་རྒྱུའི་ཐག་བཅད་པ་ཡིན།

    ཞོགས་ཟས་བཟས་ཚར་རྗེས་ང་ཚོས་སྤོ་བོ་ཕུན་ཚོགས་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་སྐོར་ཅི་འཕྲོས་མོལ་འཕྲོས་བྱས་པ་ཡིན། སྤོ་བོ་ཕུན་ཚོགས་ཀྱིས་ང་ཚོར་སྐབས་དེ་དུས་ངས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རྟ་ཁྲིད་ནས་བསྐྱོད་དེ་ཡུལ་སྐོར་བ་སྡོད་དུ་འཇུག་གི་ཡོད། ཀོང་ཏུང་ནས་ཡིན་པའི་ཡུལ་སྐོར་བ་དང་ཁ་བརྡ་གློད་སྐབས་མི་དེ་ནི་མི་སེར་གྱི་ཁྱིམ་དུ་འཚོ་བ་ཉམས་ལེན་བྱེད་པར་བསྐྱོད་འདོད་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་། སེམས་རྩ་འཁོལ་བའི་སྤོ་བོ་ཕུན་ཚོགས་ཀྱིས་ཡུལ་སྐོར་བ་དེ་ཁྱིམ་དུ་གདན་དྲངས་པ་དང་སྦྲགས་ད་དུང་ཁོང་ལ་བོད་ཟས་དང་ཇ་སྲུབས་མ་བླུགས་ནས་སྣེ་ལེན་རྒྱས་པར་ཞུས། ཐོན་ཁར་ཡུལ་སྐོར་བས་ཉལ་ཁང་གི་རིན་པ་སྤོ་བོ་ཕུན་ཚོགས་ཀྱིས་མ་ཤེས་པ་བྱས་ནས་ལྐོག་ཏུ་བཞག གནས་ཚུལ་འདིས་སྤོ་བོ་ཕུན་ཚོགས་ཀྱིས“ཁྱིམ་ཚང་མགྲོན་ཁང་ཞིག་མ་གཉེར་བ་གང་ཡིན་ནམ། དེ་འདྲ་བྱུང་ན་རང་ཉིད་ལ་ཡོང་འབབ་ཕྲན་བུ་ཡོང་རྒྱུ་མ་ཟད། ད་དུང་ཡུལ་སྐོར་བར་ཡང་བོད་ཁྱིམ་གྱི་ཉམས་གྱུར་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན”པའི་བློ་སྒོ་ཞིག་ཕྱེ་བྱུང་ཞེས་བཤད།

    གནས་ཚུལ་དེ་འཕྲད་རྗེས་སྤོ་བོ་ཕུན་ཚོགས་ཀྱིས་གྲོང་གསེབ་ཀྱི་ཁྱིམ་ཚང་མགྲོན་ཁང་དང་པོ་དེ་གཉེར་བ་རེད། མགྲོན་ཁང་གཉེར་བའི་ཐོག་མའི་དུས་སུ་སྤོ་བོ་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་ཉལ་ཁྲི་8ལས་མེད་པ་དང་ཉལ་ཁྲིའི་གྲོན་དངུལ་སྒོར་15ནས་20བར་རེད། ད་ཆ་མགྲོན་ཁང་དུ་ཉལ་ཁྲི་53ཡོད་པ་དང་ཉལ་ཁྲི་རེའི་གྲོན་དངུལ་སྒོར་50ནས་70བར་རེད།

    ཁྱེད་རང་ལ“སྤོ་བོའི་མིང་བྱང”ཞེས་འབོད་དོན་ཅི་ཡིན་ཞེས་སྐད་ཆ་འདྲི་སྐབས་སྤོ་བོ་ཕུན་ཚོགས་ཀྱིས་མིང་དེའི་འདོགས་ཚུལ་ལ་འགྲེལ་བཤད་བརྒྱབ།

    2001ལོར་ཡུལ་སྐོར་བ་ཞིག་གིས་ཡིད་གཟབ་མ་བྱས་པའི་རྐྱེན་གྱིས་ཁོང་གི་ཁྱིམ་དུ་པར་ཆས་ཞིག་ལུས་པ་རེད། སྤོ་བོས་ཤེས་ཕྲལ་པར་ཆས་འཁྱེར་ནས་ལམ་ཐག་སྤྱི་ལེ་3ཡན་ཡོད་པའི་ཀླུ་ནང་གྲོང་རྡལ་དུ་བསྐྱོད་ནས་ཟ་ཁང་རེ་རེ་བཞིན་སྐད་ཆ་དྲིས། མཐར་ཡུལ་སྐོར་བ་སོང་ཟིན་པ་ཤེས་རྟོགས་བྱུང་བས་སྤོ་བོས་པར་ཆས་འཁྱེར་ནས་ཁྱིམ་དུ་ཕྱིར་ལོག་མ་བྱེད་ཀ་མེད་བྱུང་། ཉིན་གཉིས་པར་དོ་བདག་གིས་སྤོ་བོ་ཕུན་ཚོགས་འཚོལ་བར་ཡོང་ཞིང་། སྤོ་བོ་ཕུན་ཚོགས་དང་འཕྲད་རྗེས“ཁྱེད་རང་གི་མགྲོན་ཁང་དུ་ལུས་པ་སྔ་ས་ནས་ཤེས་ན་སེམས་ཁྲལ་བྱེད་པའི་དགོས་པ་མི་འདུག དེ་རིང་ཁྱེད་རང་གི་ཁ་པར་ཨང་གྲངས་ཤིག་འཇོག་རོགས་གནང”ཞེས་བཤད།

    གནས་ཚུལ་དེ་ལས་སྤོ་བོ་ཕུན་ཚོགས་ལ་མིང་བྱང་བཟོ་བའི་བློ་ཞིག་སྐྱེས། དེས་ན་ཁོང་གིས་ཆེད་མངགས་མིང་བྱང་བཟོ་བར་ཕྱིན་པ་དང་དེ་ནས་བཟུང་ཡུལ་སྐོར་བ་ཁ་བྲལ་རིམ་བཞིན་ཁོང་གིས་མིང་བྱང་སྤྲོད་ཀྱི་ཡོད་པ་རེད། དུས་ཚོད་རིང་པོ་སོང་རྗེས་སྤོ་བོ་ཕུན་ཚོགས་ཀྱི་ཚོམས་ཆེན་ནང་གི་བག་ཅོག་སྟེང་དུ་བཏིང་བའི་ཤེལ་སྒོའི་འོག་ཏུ་མིང་བྱང་སྣ་ཚོགས་ཀྱིས་ཁེངས་པ་དང“སྤོ་བོ་མིང་བྱང”ཞེས་པའི་མིང་བཏགས།

    སྤོ་བོ་ཕུན་ཚོགས་ཀྱི་མིང་བྱང་ཐེངས་གསུམ་བརྗེས་ཟིན་ཞིང་། ད་ཆ་མིང་བྱང་གཤམ་གྱི་གཡས་ཟུར་དུ་རྩ་གཉིས་ཨང་རྟགས་དཔར་དུ་འཁོད་པ་མཐོང་སྐབས་ང་ཚོ་ཧང་སངས་བྱུང་། རྩ་གཉིས་ཨང་རྟགས་དེ་ནི་སྐད་འཕྲིན་གྲོགས་པོ་གསར་དུ་སྣོན་ཆེད་ཞིག་མ་ཡིན་པར་སྤོ་བོ་ཕུན་ཚོགས་ཁྱིམ་གྱི་མཛེས་ལྗོངས་ཧྲིལ་པོའིVRསྟོན་པའི་ཆེད་དུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།