དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་བཙན་པོའི་གནའ་བོའི་རྒྱལ་སའི་ཡུལ་སྐོར་ཁུལ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-08-26

    ཉེ་ཆར། ལྷ་སར་འཚོགས་པའི“2016ལོའི་བོད་ལྗོངས་འཕྱོངས་རྒྱས་བཙན་པོའི་རིག་གནས་གླེང་སྟེགས”ཐོག་གསར་འགོད་པས་ཤེས་རྟོགས་བྱས་པར། བོད་ཀྱིས་བཙན་པོའི་རིག་གནས་ལ་ཐོག་མར་དམིགས་ནས་བཏོད་པའི་གསར་དར་ཡུལ་སྐོར་ཁུལ་སྟེ། འཕྱོངས་རྒྱས་བཙན་པོའི་གནའ་བོའི་རྒྱལ་སའི་ཡུལ་སྐོར་ཁུལ་སྒོ་ཕྱེ་ཞིང་། དེ་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར“བོད་མིའི་འབྱུང་གནས”ཀྱི་རིག་གནས་བརྒྱུད་སྤེལ་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད་པ་རེད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཨན་ཤིང་གོས་འཕྱོངས་རྒྱས་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ས་གལ་ཆེན་ཞིག་ཡིན། འདི་གར་སྐད་གྲགས་ཆེ་བའི་བཙན་པོའི་བང་སོ་ཡོད་ལ་འཕྱིང་བ་སྟག་རྩེ་སོགས་རིག་གནས་གནའ་ཤུལ་ཀྱང་ཡོད། སྲིད་གཞུང་གི་འཆར་འགོད་ལ་གཞིགས་ན། བཙན་པོའི་གནའ་བོའི་རྒྱལ་སའི་ཡུལ་སྐོར་ཁུལ་འདི་ཉིད་བོད་ལྗོངས་རིག་གནས་ཡུལ་སྐོར་ཚོགས་པས་ལོ་གསུམ་ནང་གསར་སྤེལ་འཛུགས་སྐྲུན་བྱས་པ་ཞིག་ཡིན་པ་དང་། མིག་སྔར་ས་གནས་འདི་གའི་གནའ་ཤུལ་གཞི་རྩའི་ཆར་སླར་གསོ་བྱུང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    བོད་ལྗོངས་རིག་གནས་ཡུལ་སྐོར་ཚོགས་པའི་ཏུང་ཧྲི་ཀྲང་ཟླ་བས་བཙན་པོའི་དངོས་མང་བཤམས་སྟོན་ཁང་ནི་ཡུལ་སྐོར་ཁུལ་གྱི་གཙོ་གནད་ཅིག་རེད། དེ་བོད་ཡིག་གི་ཡིག་རྙིང་གི་ལོ་རྒྱུས་ཚད་ལྡན་ཡིག་ཆ་གཙོ་བོར་བྱས་པ་དང་། རྒྱ་ཡིག་གི་ལོ་རྒྱུས་ཚད་ལྡན་ཡིག་ཆ《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》དཔྱད་གཞིར་བྱས་པ། ཉེ་ལམ་ལོ་10ཙམ་རིང་ཡོངས་བསྒྲགས་པར་སྐྲུན་བྱས་པའི《བཙན་པོའི་རྒྱལ་རབས》མ་དཔེ་བཅས་བྱས་ཏེ་རིག་དངོས་འགྲེམས་སྟོན་དང་། ངང་ཚུལ་བསྐྱར་དུ་མཚོན་པ། ཚན་རྩལ་མཉམ་འགུལ་བཅས་ཀྱི་རྣམ་པ་བརྒྱུད་འོད་སྟོང་རབ་ཏུ་འཚེར་བའི་བཙན་པོའི་རིག་གནས་གསོན་ཉམས་དོད་པའི་ངང་མཚོན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།