དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྨར་ཁམས་རྫོང་གིས་ཡུལ་སྐོར་ཁྲོམ་ར་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-24

    འདི་ལོའི་ཟླ་6ནས་བཟུང་། སྨར་ཁམས་རྫོང་གིས་རྫོང་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རར་ཆེད་དོན་བཅོས་སྒྲིག་བྱེད་སྒོ་གཏིང་ཟབ་སྤེལ་ནས། རྒྱལ་ལམ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཁོར་ཡུག་ལེགས་སུ་བཏང་ཁར། རྒྱུན་ཆད་མེད་པར་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཡག་པོ་བཏོད་དེ་ཁྱོན་ཡོངས་ནས་ཡུལ་སྐོར་གྱི་གཟུགས་བརྙན་ལེགས་སུ་བཏང་བ་རེད།

    དྲིལ་བསྒྲགས་དང་ཁྲིད་སྟོན་ཟུང་འབྲེལ་བྱས་ཤིང་། རྫོང་དེའི་ལས་དོན་མི་སྣས་གྲོང་གསེབ་ཏུ་བསྐྱོད་ནས་གྲོང་ཚོ་རེ་རེ་དང་ཁྱིམ་ཚང་རེ་རེ་བཞིན་ལ་དྲིལ་བསྒྲགས་ཤུགས་ཆེན་དང་ཁྲིད་སྟོན་ཧུར་ཐག་བྱས་པ་མ་ཟད། གཞུང་ལམ་རྒྱུད་ཀྱི་མང་ཚོགས་དང་ཡིད་རྟོན་ཁྲིམས་སྲུང་གི་ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་དང་ཡུལ་སྐོར་ལས་དོན་མི་སྣར་གསོ་སྦྱོང་བྱས་པ་དང་ཆབས་ཅིག ཡུལ་སྐོར་བས་ཁྲིམས་མཐུན་གྱི་ཚོང་ཟོག་ཉོ་ཚོང་བྱ་རྒྱུར་ཁྲིད་སྟོན་ཀྱང་བྱས་པ་རེད།

    སྐོར་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཟུང་འབྲེལ་བྱས་ཤིང་། རྫོང་དེས་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་རྒྱལ་ལམ་རྒྱུད་ཀྱི་ཤང་གྲོང་དང་རྫོང་གྲོང་གི་ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་སར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་མ་ཟད། ཞབས་ཞུའི་རྣམ་འགྱུར་ངན་པ་དང་ཟོག་གོང་གང་འདོད་དུ་སྤོར་བ་སོགས་ཀྱི་བྱེད་སྤྱོད་ལ་སློབ་གསོ་ལེགས་སྒྲིག་བྱས་པ་དང་དུས་མཚུངས། སྤྱི་བདེའི་ཉེན་རྟོག་པ་སྐོང་འཐེན་གྱིས་སྐོར་ཞིབ་རུ་ཁག་བཙུགས་ཏེ་རྒྱལ་ལམ་རྒྱུད་དུ་སྐོར་ཞིབ་བྱས་པ་རེད།

    བཅོས་སྒྲིག་དང་རྡུང་རྡེག་ཟུང་འབྲེལ་བྱས་ཤིང་། རྫོང་དེས་བསྡོམས་མགྲོན་ཁང་51དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་3 ཟ་ཁང་68 སྒེར་གཉེར་ཚོང་དུད་61བཅས་ལ་ཞིབ་བཤེར་བྱས་ནས། འཕྲོད་བསྟེན་ཆ་རྐྱེན་ཞན་པ་དང་། མེ་གསོད་ཡོ་བྱད་རྙིང་གྱུར། སྒྲིག་ཆས་ཚད་དང་མ་མཐུན་པ་བཅས་ཀྱི་གཉེར་སྐྱོང་བྱེད་ཁུལ་ལ་དུས་བཀག་ལྟར་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།