དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “དྲ་སྦྲེལ+བོད་ཀྱི་རིག་གནས་ཡུལ་སྐོར་ཉམས་ལེན་ཁང”གི་སྒོ་མོ་ཕྱེ་ནས་སྐུ་མགྲོན་བསུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-22

    ཟླ་8ཚེས་18ཉིན་གྱི་ཕྱི་དྲོར་སྣེའུ་ཁུལ་གསར་གྱིས་ནང་འདྲེན་མཛུབ་ཁྲིད་བྱས་པ་དང་། ཡུལ་ལྗོངས་ཀུན་བཏུས་བོད་ལྗོངས་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིས་སྒྲུབ་འགན་ཁུར་ཞིང་། གཉེར་སྐྱོང་བྱས་པའི“དྲ་སྦྲེལ+བོད་ཀྱི་རིག་གནས་ཡུལ་སྐོར་ཉམས་ལེན་ཁང”དངོས་སུ་སྒོ་ཕྱེ་བ་རེད།

    “དྲ་སྦྲེལ+བོད་ཀྱི་རིག་གནས་ཡུལ་སྐོར་ཉམས་ལེན་ཁང”ནི་སྣེའུ་ཁུལ་གསར་གྱི་དམངས་གཏོད་བར་མཐོངས་ཐོག་སོ་9པར་ཡོད་པ་དང་། སྒུལ་བདེའི་དྲ་སྦྲེལ་གསར་གཏོད་དང“ཡོད་ཚད་འབྲེལ་མཐུད”ཀྱི་དུས་རབས་རླབས་རྒྱུན་ཁྲོད། ཡུལ་ལྗོངས་ཀུན་བཏུས་ཀྱིས་དངོས་ཡོད་རྟོག་བཟོའི་ལག་རྩལ་སྤྱད་ནས་བོད་ལྗོངས་ས་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གོམས་སྲོལ་ཕྱོགས་བསྡུས་ངང་མངོན་པར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་བོད་ལྗོངས་མངའ་རིས་དང་ལྷོ་ཁ་སོགས་ས་ཁུལ་དང་གྲོང་ཁྱེར་མང་པོ་ཞིག་དང་མཉམ་ལས་བྱས་ནས། གཡས་གཡོན་དང་གོང་འོག་ཚང་མ་ཚུད་པའི་ཡུལ་ལྗོངས་པར་ལེན་བྱས་ཡོད་པས་གྲོང་མི་དང་ཡུལ་སྐོར་བས་ལག་ཐོགས་ཁ་པར་གྱི་མཐུད་སྣེ་བརྒྱུད་བོད་ལྗོངས་ཀྱི་ཡུལ་ལྗོངས་ལྟ་ཐུབ་པ་རེད།

    VRཉམས་ལེན་ཁང་དུ་བོད་རིགས་ཀྱི་བཟོ་རྩལ་ཐོན་རྫས་ཤིག་བཤམས་ཡོད་པ་དང་ཉེ་འགྲམ་གྱི་བརྙན་ཤེལ་དུ་དེ་དང་གཅིག་པ་གཅིག་རྐྱང་ཡིན་པའི་བཟོ་རྩལ་གྱི་ཐོན་རྫས་ཞིག་བསྐོར་བ་རྒྱག་བཞིན་ཡོད་པ་རེད། ཡུལ་ལྗོངས་ཀུན་བཏུས་ལག་རྩལ་གྱི་འགན་ཁུར་བ་ཁྲེན་ཤིང་ཤིང་གིས། འདི་ནི་དངོས་ལྗོངས་3Dལག་རྩལ་ཡིན་པ་དང་ལག་རྩལ་འདི་མིག་སྔར་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད། “ང་ཚོ་དང་གོང་མའི་ཕོ་བྲང་དབར་མཉམ་ལས་བྱས་པའི་རྣམ་གྲངས་གྲས་ཤིག་ནི་དངོས་ལྗོངས་3Dལག་རྩལ་སྤྱད་ནས་ད་ཡོད་ཀྱི་རིག་དངོས་གྲངས་འཛིན་ཅན་གྱི་རྣམ་པའི་ཐོག་ནས་ཉར་ཚགས་བྱས་པ་དེ་ཡིན”ཞེས་ངོ་སྤྲོད་བྱས་བྱུང་།

    ཡུལ་ལྗོངས་ཀུན་བཏུས་ཀྱི་CEOཉིང་ཡུང་ཆང་གིས་ལག་རྩལ་དེ་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ཁྲོད་མགྱོགས་མྱུར་བེད་སྤྱོད་གཏོང་རྒྱུ་རེད། མགྱོགས་ཤོས་སུ་འདི་ལོའི་ཟླ་དགུ་པར་འཚོག་རྒྱུའི་བོད་ལྗོངས་འགྲེམས་ཚོགས་ཐོག་ནས་མཐོང་ཐུབ། སྐབས་དེར་ཆེས་སྔོན་ཐོན་གྱི་དྲ་སྦྲེལ་ལག་རྩལ་ལ་བརྟེན་ནས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།

    གསར་འགོད་པར་ཤེས་རྟོགས་བྱུང་བར། “དྲ་སྦྲེལ+བོད་ཀྱི་རིག་གནས་ཡུལ་སྐོར་ཉམས་ལེན་ཁང”གཉེར་སྐྱོང་བྱེད་མཁན་ཡུལ་ལྗོངས་ཀུན་བཏུས་བོད་ལྗོངས་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུན་སིས་རང་ཚུགས་ངང་ཞིབ་འཇུག་གསར་སྤེལ་བྱས་པའི“དྲ་སྦྲེལ+”ལག་རྩལ་ལས་སྟེགས་དེ་དྲ་རྒྱའི་སྨྱན་སྦྱོར་དང་། བརྙན་འཕྲིན། སྒུལ་བདེའི་དྲ་སྦྲེལ་བཅས་སུ་སྤྱད་དེ། བོད་ལྗོངས་ས་ཁུལ་གྱི་ཡུལ་སྐོར་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གོམས་སྲོལ་སོགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་མཚོན་པར་བྱ་རྒྱུ་མ་ཟད། ད་དུང་གཡས་གཡོན་གོང་འོག་ཚང་མ་ཚུད་པའི་ཡུལ་ལྗོངས་པར་ལེན་ལག་རྩལ་ལ་བརྟེན་ནས། སྒུལ་བདེའི་དྲ་སྦྲེལ་གྱི་ཉེར་སྤྱོད་ཐོན་རྫས་སྒྲིག་བཟོ་དང་གསར་སྤེལ་བྱས་ཏེ། བོད་ལྗོངས་ས་ཁུལ་གྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རང་བྱུང་ཡུལ་ལྗོངས་དག་དངོས་ཡོད་རྟོག་བཟོའི་རྣམ་པའི་ཐོག་ནས་ཉམས་ཞིབ་ཐུབ་པ་བྱ་རྒྱུ་རེད།

    འགྲེམས་སྟོན་བྱ་ཡུལ་དུ་གོང་དཀར་གྱི་ཡུལ་སྐོར་མིང་བྱང་དང་། “སོག་རྫོང་དང་གཅིག་སེམས་གཅིག་ལ་འབྲེལ་བའི”སོག་རྫོང་གི་བོད་སྐྱོར་གྲུབ་འབྲས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”བཅས་ཉེར་སྤྱོད་མཉེན་ཆས་གསུམ་དུས་གཅིག་ཏུ་འགྲེམས་བསྒྲགས་བྱས་ཤིང་། ཁོང་ཚོས་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་། རིག་གནས་ཀྱི་ཉིང་བཅུད། བོད་ཀྱི་སྙིང་སྟོབས་བཅས་སྒུལ་བདེའི་དྲ་སྦྲེལ་ཐོག་སྟོན་པ་དང་ཆབས་ཅིག སྒུལ་བདེའི་དྲ་སྦྲེལ་བརྒྱུད་དེ་བས་མགྱོགས་མྱུར་དང་དེ་བས་ཐད་འབྲེལ་གྱི་ཐོག་ནས་བརྒྱུད་སྤེལ་བྱས་ཏེ། མི་དེ་བས་མང་པོར་དྲ་སྦྲེལ་བརྒྱུད་བོད་ལྗོངས་ཤེས་རྟོགས་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།