དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གཞིས་རྩེས་ཧྲང་ཧའེ་རུ་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་འོས་སྦྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-17

    ཟླ་8ཚེས་12ཉིན་གྱི་སྔ་དྲོ་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཧྲང་ཧའེ་བྱེད་སྒོའི་གཟའ་འཁོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཧྲང་ཧའེ་རུ་འཚོགས་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་སྨྱན་སྦྱོར་40ལྷག་ཙམ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནང་གཞིས་རྩེའི་ཚོགས་ར་གཙོ་བོ་དང་ཧྲང་ཧའེ་བྱེད་སྒོའི་གཟའ་འཁོར་གྱི་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། ཧྲང་ཧའེ་ཡན་ལག་ཚོགས་རས“ཇོ་མོ་གླང་མའི་འགྱུར་ཁུག·ཧྲང་ཧའེ་དང་བོད་ཀྱི་བརྩེ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཟླ་9ཚེས་11ཉིན་འགོ་འཛུགས་རྒྱུ་དང་ཚེས་14ཉིན་མཇུག་འགྲིལ་རྒྱུའི་འཆར་འགོད་གཏན་འཁེལ་བྱས་པ་དང་། དེའི་རིང་གཞིས་རྩེའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་། པར་རྒྱག་རི་མོའི་འགྲེམས་སྟོན། བོད་སྐྱོར་གྲུབ་འབྲས་འགྲེམས་སྟོན། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་འགྲེམས་སྟོན། ཚོང་འགུགས་མ་འདྲེན་དང་དེ་བཞིན་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སོགས་ཡན་ལག་བྱེད་སྒོ་ཁག་བཅུ་སྤེལ་རྒྱུ་རེད།

    གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་མཁན་ཧྲང་ཧའེ་སྨྱན་སྦྱོར་གྱིས། སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཧྲང་ཧའེ་བྱེད་སྒོའི་གཟའ་འཁོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྲོལ་གོམས་འདྲིས་དང་། ལོ་རྒྱུས་རིག་གནས། རང་བྱུང་མཛེས་ལྗོངས་སོགས་ཀྱི་ཐད་ལ་སྔར་བས་ངོས་འཛིན་བྱུང་ཁར་། གཞིས་རྩེའི་རིག་གནས་ཀྱི་ནང་དོན་ཞིབ་ཆར་མྱོང་ཚོར་ཟབ་མོ་བྱུང་སྟེ་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་པས། སྨྱུ་གུ་དང་པར་ཆས་ལ་བརྟེན་ནས་ཧྲང་ཧའེ་ཡི་གྲོང་མིར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཁྱབ་གདལ་གཏོང་རྒྱུ་མ་ཟད། གཞིས་རྩེའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་། ལོ་རྒྱུས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཧྲང་ཧའེ་དང་བོད་ལྗོངས་དབར་གྱི་བརྩེ་བ་ཟབ་ཏུ་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།