ཉེ་ཆར། ལྷ་སར་2016ལོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཚོགས་པ་རིག་གནས་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང་ལྷོ་ཁ་འཕྱོངས་རྒྱས་བཙན་པོའི་དུས་རབས་ཀྱི་གནའ་ཤུལ་ཡུལ་སྐོར་ཁུལ་གཉེར་ནས་མཉམ་སྤྱོད་བྱེད་རྒྱུའི་ཚོགས་འདུ་འཚོགས་པ་རེད།
གསར་འགོད་པས་འོས་སྦྱོར་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཡུན་ལོ་གསུམ་རིང་འཛུགས་སྐྲུན་བྱས་པའི་ལྷོ་ཁ་འཕྱོངས་རྒྱས་བཙན་པོའི་དུས་རབས་ཀྱི་གནའ་ཤུལ་ཡུལ་སྐོར་ཁུལ་ཟླ་འདིར་སྒོ་མོ་ཕྱེ་བ་དང་། ཡུལ་སྐོར་ཁུལ་དེར་བཙན་པོའི་བང་སོ་དང་། བཙན་པོའི་རྟེན་རྫས་བཤམས་མཛོད་ཁང་། བཙན་པོའི་དུས་རབས་ཀྱི་གནའ་ཤུལ་རིག་གནས་རྐང་ཐང་བགྲོད་ལམ། བོད་མིའི་འབྱུང་གནས་ཐང་ཆེན་སོགས་མཛེས་ལྗོངས་ས་ཚིགས་མང་པོ་ཚུད་ཡོད།