དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་དང་ཧྲང་ཧའེ་ཡིས་མཉམ་དུ་ཇོ་མོ་གླང་མའི་སྟོན་ཚོགས་ཐོག་མར་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-08-13

    ཟླ་8ཚེས་25ཉིན་བོད་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་རྩེར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བཞི་པ་གཉེར་རྒྱུ་ཡིན་ཞིང་། བོད་དང་ཧྲང་ཧའེ་ཡིས་མཉམ་དུ་ཐོག་མར་གཉེར་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནང་། བོད་དང་ཧྲང་ཧའེ་ཡི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་རིག་གནས་ཡུལ་སྐོར་བྱེད་སྒོ་20ལྷག་ཙམ་གཉེར་རྒྱུ་ཡིན་པ་དང་། དེས་གྲོང་མི་དང་ཡུལ་སྐོར་བར་གནམ་གྲུ་གླའམ་ཡང་ན་མེ་འཁོར་གླས་ནས་ཡུལ་སྐོར་བྱེད་སྒོ་སྤེལ་ཏེ། རིག་གནས་ཡུལ་སྐོར་གྱི་སྟོན་མོ་རྒྱས་པོ་ཞིག་བཤམ་རྒྱུ་ཡིན་པ་རེད།

    གཞིས་རྩེ་གྲོང་ཁྱེར་ནི་བོད་ལ་ཡུལ་སྐོར་དུ་འགྲོ་ཡུལ་གཙོ་བོ་ཞིག་ཡིན་པས། ད་ཆ་གསར་སྤེལ་བྱས་ནས་སྤྱད་དང་སྤྱོད་བཞིན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་30ལྷག་ཙམ་ཡོད་པའི་ནང་། རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་3(ས་ཚིགས)ཡོད་པ་དང་། འཛམ་གླིང་སྐྱེ་བོ་ཀུན་ལ་གྲགས་ཆེ་བའི་རང་བྱུང་མཛེས་ལྗོངས་ལས་གཞན། ལོ་རྒྱུས་ཡུན་རིང་ཞིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་ཀྱང་ཕུན་སུམ་ཚོགས་པོ་ཡོད་པ་རེད།

    ཚེས་9ཉིན། ལྷ་སར་གཞིས་རྩེ་གྲོང་ཨུད་ཀྱི་འགན་འཁུར་བས། 2001ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་ཇོ་མོ་གླང་མའི་རིག་གནས་དུས་ཆེན་སྐབས་བཅུ་གསུམ་ལེགས་གྲུབ་ལྡན་པའི་ངང་གཉེར་ནས། “ཇོ་མོ་གླང་མའི་རིག་གནས”ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་རྟགས་ཤིག་རིམ་བཞིན་ཆགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་མཉམ་དུ་དུས་ཆེན་གཉེར་བའི་བྱ་ཐབས་གསར་པ་སྤྱད་ནས་ཡུལ་སྐོར་གྱི་ཐོན་ཁུངས་སྔོན་འདོན་གཏིང་ཟབ་བྱས་པས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྔར་ལས་ལྷག་པ་བྱུང་ཡོད་ཅེས་བཤད།

    “ཇོ་མོ་གླང་མར་བརྩེ་བ་འཆང་། བཀྲ་ཤིས་དགེ་འཕེལ་གཞིས་ཀ་རྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་འདིར། གཞིས་རྩེར་ཚོགས་ར་གཙོ་བོ་དང་རྫོང་དང་གྲོང་ཁྱེར་ཁག་ལ་ཡན་ལག་ཚོགས་ར་བཙུགས་ནས་རྣམ་གྲངས་ཆུང་ངུ་14ཡི་བྱེད་སྒོ་སྤེལ་རྒྱུ་ཕུད། ཧྲང་ཧའེ་རུ་བྱེད་སྒོའི་གཟའ་འཁོར་ཐོག་མར་སྤེལ་ནས་གཞིས་རྩེའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་། པར་རིས་འགྲེམས་སྟོན། བོད་སྐྱོར་གྲུབ་འབྲས་འགྲེམས་སྟོན། དམངས་སྲོལ་འགྲེམས་སྟོན། གཞིས་རྩེའི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་སོགས་རྣམ་གྲངས་ཆུང་ངུ་10ཡི་བྱེད་སྒོ་སྤེལ་ནས། “ཕྱིར་སྐྱོད་པ”དང“ནང་དུ་གདན་འདྲེན་པའི”ཐོག་ནས་མི་སྔར་བས་མང་བ་ཇོ་མོ་གླང་མར་བརྩེ་བ་བཅངས་ནས་ས་མཐོའི་གཙང་ལ་ཡོང་བ་དང་། དེའི་ཐུན་མོང་མ་ཡིན་པའི་རིག་གནས་ལ་མྱོང་རོལ་བྱེད་པར་འགུག་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་ལོ་ལྔ་ཡི་ནང་གཞིས་རྩེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ནས་རིམ་པ་མཐོ་བ་དང་། རྒྱལ་སྤྱིར་གྱུར་པ། ཁྲོམ་རར་ཕྱོགས་པ། ཚད་དང་ལྡན་པའི་འཐབ་ཇུས་བསྟར་ནས་གཞིས་རྩེའི་ཡུལ་སྐོར་དེ“མཛེས་ལྗོངས་ལ་ལྟ་བ”ནས“ཁྱོན་ཡོངས་ལ་ལྟ་བར”བསྒྱུར་ནས་སྣོད་བཅུད་ཤེས་དཔལ་དང་། མཐའ་མཚམས་རིག་གནས། དམངས་སྲོལ་རིག་གནས། གསར་བརྗེའི་རིག་གནས། ནང་ཆོས་རིག་གནས་བཅས“ཕྱོགས་ལྔ་གཞི་གཅིག”གི་འཛམ་གླིང་རིག་གནས་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་བཏོད་དེ། ཡུལ་སྐོར་ལས་རིགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་རྣམ་དུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།