ཚེས་11ཉིན་གྱི་སྔ་དྲོ་2016ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་ལྷ་སར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
སྐབས་འདིའི་ཡར་ཀླུང་རིག་གནས་དུས་ཆེན་གྱིས“བོད་ཀྱི་རིག་གནས་འབྱུང་ཁུངས ·བོད་དང་ལས་འཕྲོ -- འཕུར་མཆོང་གི་ལྷོ་ཁ”ཞེས་པ་བརྗོད་བྱ་གཙོ་བོར་བྱེད་པ་དང་། ཟླ་8ཚེས་15ནས་21ཉིན་བར་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ་གཟབ་རྒྱས་ངང་གཉེར་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ཡར་ཀླུང་རིག་གནས་དུས་ཆེན་གྱིས་བྱེད་སྒོའི་རྣམ་པ་གསར་གཏོད་བྱས་ནས་ཧོ་པེ་ཞིང་ཆེན་དང་མཉམ་འབྲེལ་ཐོག་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་དང་ཧོ་པེའི་ཆེད་འཁྲབ་རིག་རྩལ་དགོང་ཚོགས་སྒྲིག་འཛུགས་བྱེད་པ་དང་། མངའ་རིས་དང་ནག་ཆུའི་འཁྲབ་སྟོན་རུ་ཁག་ཆེད་འཁྲབ་བྱ་རྒྱུར་གདན་འདྲེན་པ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དངུལ་རྩའི་སྒྲིག་གཞི་དང་། བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། དེ་མིན་གྲགས་ཅན་ཁེ་ལས་བཅས་ལྟ་སྐོར་རྟོག་ཞིབ་དང་མ་འཇོག་ལས་གཏོད་བྱ་རྒྱུར་གདན་འདྲེན་པ། དངུལ་རྩའི་གན་འཇོག་མཛད་སྒོ་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་གཉེར་རྒྱུ་སྒྲིག་འཛུགས་བྱེད་པ། ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་ཡུལ་སྐོར་དང་ལྷོ་བྲག་གི“སྐུ་ལྷ་གངས་རིའི”རིག་གནས་དུས་ཆེན་སོགས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུ་མ་ཟད། ད་དུང་རྫོང(ཆུས)12ཀྱི་རུ་སྟར་གྲུ་བཞི་18བསྡུ་རུབ་བྱས་ནས་ལྷོ་ཁའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་གྱི་རྣམ་པ་བཟང་པོ་མངོན་པར་བྱ་རྒྱུ་རེད།