དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་སྐྱོང་ལྗོངས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-08-12

    སྤྱི་ཟླ་8པའི་ཚེས་9ཉིན།  རང་སྐྱོང་ལྗོངས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་བཞི་པ་འཚོགས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ཆེ་མོའི་གནས་ཚུལ་ཉན་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག  ལས་ཞུགས་མི་སྣར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་གྱི་འདུ་ཤེས་དང་བླང་བྱ་དེ་གཉིས་ཡུལ་སྐོར་དང་འབྲེལ་བའི་ཁེ་ལས་དང་ལས་དོན་པ་ཚང་མར་བརྒྱུད་བསྒྲགས་བྱེད་དགོས་པ་དང་།  རྒྱལ་ཁབ་ཀྱི་ཚད་གཞི་དེ་བོད་ཀྱི་ཁྱད་ཆོས་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུས་ཁྲིད་ཕྱོགས་བྱས་ནས་ཟ་འཐུང་དང་ཞག་སྡོད།  འགྲིམ་འགྲུལ།  ཡུལ་སྐོར་སྣེ་ཤན།  ཡུལ་སྐོར་སྣེ་ལེན་ཁང་།  མཛེས་ལྗོངས་ཡུལ་སྐོར་ཞབས་ཞུ་བཅས་ཀྱི་ས་གནས་ཀྱི་ཚད་གཞི་གང་མགྱོགས་བཟོས་ཏེ་ལམ་ལུགས་ལ་བརྟེན་ནས་བོད་ཀྱི་ཡུལ་སྐོར་སྤུས་ཚད་ལེགས་སུ་གཏོང་དགོས་པ།  ཚད་གཞི་ལག་བསྟར་ནན་པོ་བྱས་ནས་ཚད་གཞི་གཞིར་བཟུང་ལས་རིགས་ལ་ལྟ་འདོམས་དང་ཡུལ་སྐོར་བར་ཞབས་ཞུ།  རིམ་པ་དཔྱད་བསྡུར་དང་བྱ་དགའ་ཆད་གཅོད་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།