དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-11

    ཚེས་9ཉིན་གྱི་ཕྱི་དྲོ། གཞིས་རྩེ་གྲོང་ཁྱེར་གྱི་སྐབས་བཅུ་བཞི་པའི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་པ་རེད།

    ད་རེས་ཀྱི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཟླ་བ་བརྒྱད་པ་ནས་དགུ་པ་བར་ཧྲང་ཧའེ་གྲོང་ཁྱེར་དང་མཉམ་འབྲེལ་ཐོག་གཉེར་རྒྱུ་ཡིན་ཞིང་། གཞིས་རྩེའི་ཚོགས་ར་གཙོ་བོ་དང་ཧྲང་ཧའེ་བྱེད་སྒོའི་གཟའ་འཁོར་བཀོད་སྒྲིག་བྱས་ཡོད་པ་རེད། གཞིས་རྩེའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཟླ་8ཚེས་25ཉིན་འགོ་འཛུགས་རྒྱུ་དང་། “ཇོ་རིའི་བརྩེ་སེམས། བཀྲ་ཤིས་གཞིས་རྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། མང་ཚོགས་ཀྱིས་སྔོན་དཔག་བྱེད་པའི་བྱེད་སྒོ་གསར་པ་སྤེལ་རྒྱུ་མ་ཟད། གཞིས་རྩེའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་ལ་མཐོང་ཆེན་བྱས་ནས་ལོ་རྒྱུས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་དང་། ལྟ་རིན་ཆེ་ལ་སྒྱུ་རྩལ་རང་བཞིན་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

    “བརྗིད་ཉམས་ལྡན་པའི་ཇོ་རི·ཧྲང་བོད་བརྩེ་སེམས་ཟབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཧྲང་ཧའེ་བྱེད་སྒོའི་གཟའ་འཁོར་ཟླ་9ཚེས་11ཉིན་འགོ་འཛུགས་རྒྱུའི་གཏན་འཁེལ་བྱས་ཡོད་པ་དང་། 《རྒྱལ་རྩེའི་རྗེས་ཤུལ》ཞེས་པའི་ཟློས་གར་འགོ་ཚུགས་མཛད་སྒོར་འཁྲབ་སྟོན་བྱ་རྒྱུ་མ་ཟད། བྱེད་སྒོ་སྤེལ་རིང་གཞིས་རྩེའི་ཚོང་འགུགས་མ་འདྲེན་ཚོགས་འདུ་དང་གཙང་གི་ཡུལ་སྲོལ་དངོས་མང་སྟོན་ཚོགས་སོགས་ཀྱི་ཡན་ལག་བྱེད་སྒོ་10སྤེལ་ནས་གཞིས་རྩེའི་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་བཟང་ཕྱོགས་ཡོངས་ནས་ངོམས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་གཞིས་རྩེ་དང་བོད་སྐྱོར་ཞིང་ཆེན་ནམ་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་སྤེལ་བའི་བྱེད་སྒོ་ཐོག་མ་དེ་རེད། དེའི་རིང“གཞུང་ཕྱོགས་ཀྱིས་གཙོ་ཁྲིད་བྱེད་པ་དང་། སྲིད་གཞུང་དབར་མཉམ་ལས་བྱེད་པ། ཁྲོམ་རས་ཁོར་རྒྱུག་བྱེད་པ། སྤྱི་ཚོགས་ཞུགས་པ”བཅས་ཀྱི་བྱེད་ཐབས་སྤྱོད་རྒྱུ་དང་ཧྲང་ཧའེ་གྲོང་ཁྱེར་དང་མཉམ་ལས་བྱས་པར་བརྟེན་ནས་གཞིས་རྩེའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གོམ་སྟབས་མུ་མཐུད་མགྱོགས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།