དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྤྱི་ལོ་2016ལོའི་ལོ་སྟོད་དུ་བོད་ལྗོངས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་70བྱུང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-08-10

    དེང་སྐབས།  རང་ལྗོངས་འདི་ཉིད་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་ཡོད།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ལོ་2016ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ་687ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་70བྱུང་ཡོད།

    རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་གི་བསྡོམ་རྩིས་ལ་གཞིགས་ན།  སྤྱི་ཟླ་དང་པོ་ནས་དྲུག་པའི་བར་རང་ལྗོངས་ཀྱིས་སྔ་ཕྱི་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་དུས་མཚུངས་པ་ལས་བརྒྱ་ཆ་31འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་དུས་མཚུངས་པ་ལས་བརྒྱ་ཆ་32འཕར་ཡོད།  ཡུལ་སྐོར་བས་ཐུན་མོང་མ་ཡིན་པའི་བོད་ཀྱི་མཛེས་ལྗོངས་དང་རིག་གནས་མྱོང་རོལ་ཐུབ་པ་བྱེད་ཆེད།  རང་ལྗོངས་ཀྱི་ཡུལ་སྐོར་ཚན་པས་བོད་ཀྱི་དམངས་སྲོལ་དུས་ཆེན་དང་ས་མཐོའི་གྲོང་གསེབ་མཛེས་ཤོས།  འཛམ་གླིང་ཡང་རྩེའི་རྐང་ཐང་མའི་སྤྲོ་སྣང་།  བོད་ཁྱིམ་གྱི་ཁྱད་ལྡན་ཞིམ་ཟས་སོགས་མྱོང་རོལ་གྱི་ལམ་ཐིག་བཏོན་པས་ཡུལ་སྐོར་བས་མཛེས་ལྗོངས་ལ་སྐོར་ཐུབ་པ་མ་ཟད་ས་ཆ་དེ་གའི་གྲོང་མིར་འཚམ་འདྲི་དང་བོད་ལུགས་ཞིམ་ཟས་ཀྱི་བྲོ་བ་ཡང་མྱོང་ཐུབ་ཀྱི་ཡོད།

    རང་ལྗོངས་ཡུལ་སྐོར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ནས།  ལྷ་སའི་ཞོ་སྟོན་དང་འདམ་སྤྱི་རིམ།  ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམ་ཚོགས་སོགས་དུས་ཆེན་དང་བྱེད་སྒོ་རབ་དང་རིམ་པ་སྤེལ་གྲབས་ཡོད་པས།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡུལ་སྐོར་བྱེད་པར་ཡིད་འགུག་ཐུབ་ཅིང་སྤྱི་ཟླ་8པ་དང་9པར་བོད་དུ་ཡོང་མཁན་ཡུལ་སྐོར་བ་མུ་མཐུད་མང་དུ་འགྲོ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།