དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལོ་སྟོད་དུ་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་687ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-08-09

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཆེད་གཏོང་གློག་འཕྲིན་འབྱོར་གསལ། གངས་ལྗོངས་ས་མཐོར་ཡུལ་སྐོར་བྱེད་པའི་དུས་ཚོད་འཚམ་ཤོས་འཆར་བས་བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་687ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་70བྱུང་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་དང་པོ་ནས་དྲུག་པ་བར་རིམ་རྩིས་བྱས་ན་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་31.9%འཕར་བ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་དུས་མཚུངས་ལས་32.1%འཕར་ཡོད་པ་རེད།

    བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ལྷ་སའི་ཞོ་སྟོན་དང་། འདམ་སྤྱི་རིམ། བོད་ལྗོངས་འགྲེམས་ཚོགས་སོགས་དུས་ཆེན་དང་བྱེད་སྒོ་རབ་དང་རིམ་པ་འཆར་ཉེའི་མཚམས་སུ་བོད་ལ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྔར་བས་མང་བ་བོད་དུ་ཡོང་རྒྱུའི་ཡིད་དབང་བཀུག་པས་ཟླ་8པ་དང་9པར་བོད་དུ་ཡུལ་སྐོར་ལ་ཡོང་མཁན་མུ་མཐུད་མང་དུ་འགྲོ་རྒྱུ་རེད། སྐབས་དེ་དུས་བོད་ནས་འགྲོ་འོང་བྱེད་མཁན་མེ་འཁོར་དང་གནམ་གྲུའི་སྤ་སེ་དང་དེ་བཞིན་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་སོགས་རག་ཁག་པོ་ཡོད་པས་བོད་དུ་ཡོང་རྩིས་ཡོད་པའི་ཡུལ་སྐོར་བས་ཡག་ཤོས་བྱུང་ན་སྔོན་ཚུད་ནས་བོད་ལ་ཡོང་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།